དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་དགེ་རྒན་གྱི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-11

    ཟླ་9ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དགེ་རྒན་གྱི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད། འདི་ནི་ཝང་ཅུན་ཀྲེང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་སློབ་དཔྱོད་ཁང་དུ་ཕེབས་ནས་དགེ་རྒན་གྱི་འཐུས་མི་དང་སྤེལ་རེས་གཏིང་ཟབ་གནང་སྟེ་རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། སློབ་ཁྲིད་ཚན་ཞིབ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ● ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།

    ● ཁོང་ཚོས་དཀའ་སྤྱད་ལས་སྒྲུབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ།

    ཚེས་8ཉིན། དགེ་རྒན་དུས་ཆེན་ཐེངས་སོ་དགུ་པ་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རྣམ་གཉིས་ཀྱིས་དགེ་རྒན་གྱི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བའི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཕུལ་བྱུང་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཝང་ཅུན་ཀྲེང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་སློབ་དཔྱོད་ཁང་དུ་ཕེབས་ནས། དགེ་རྒན་གྱི་འཐུས་མི་དང་སྤེལ་རེས་གཏིང་ཟབ་གནང་སྟེ་རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་།

    སློབ་ཁྲིད་ཚན་ཞིབ་སོགས་ཀྱི་ལས་ཀའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་སྐད་གྲགས་མེད་པར་འབད་འབུངས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས། བློ་རྩེ་གཅིག་སྒྲིམ་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། སློབ་གྲྭས་བོད་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་དམིགས་ནས། བོད་ལུགས་གསོ་རིག་ཞིབ་འཇུག་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསོ་རིག་དང་། སློབ་ཁྲིད། ཞིབ་འཇུག ཐོན་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་ཁྲེན་ཕེང་ཧྥེ་དང་ཟླ་བ་བསོད་ནམས་སོགས་ཕུལ་བྱུང་དགེ་རྒན་གྱི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཁོང་ཚོར་རང་ཉིད་ཀྱི་བྱ་གཞག་ལ་དགའ་ཞེན་བྱེད་པ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ལ་གོ་ཆོད་པའི་ཤེས་ལྡན་མི་སྣ་དང་རྐང་འཛིན་གྱི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོར་དུས་རབས་གསར་པའི་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་ཀྱིས་སློབ་གསོ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོར་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས། དཔེ་ཁྲིད་མི་སྐྱོང་དང་། སེམས་ནུས་ཡོད་རྒུ་འདོན་པ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་གཞི་རྩར་འཛིན་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རྩ་གསོ་བློ་སྦྱོང་དང་བློ་འབྱེད་སེམས་སྐྱོང་མཐའ་འཁྱོངས་ཀྱིས་ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་སེམས་དཀར་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། སློབ་མར་ཆུང་དུས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གཏོད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། སློབ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས། ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་མཐའ་འཁྱོངས་དང་། བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་དང་། སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་རྒྱུར་དགའ་བ། རིག་གནས་ལ་བརྩོན་ཞིབ་ནན་པོ་མཐའ་འཁྱོངས་བཅས་ཀྱིས་གནས་ལུགས་འཆད་པ་དང་། ཤེས་བྱ་སློབ་པ། དོགས་གནས་སེལ་བ་བཅས་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་ཐོག་མཐའ་བར་གསུམ་དུ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་གལ་ཆེན་ཐོག་བཞག་ནས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། དགེ་རྒན་གྱི་ཚོར་སེམས་རྩ་འཁོལ་པོས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། རྒྱ་ཆེའི་དགེ་རྒན་ཚོར་འཚོ་བ་དང་ལས་ཀའི་ཁོར་ཡུག་བཟང་པོ་གཏོད་པ། དགེ་རྒན་ལས་རིགས་ཀྱི་གཟི་བརྗིད་ཀྱི་བསམ་པ་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་སྣང་ཆེན་བྱེད་པའི་དར་སྲོལ་བཟང་པོ་ཞིག་གཏོད་དགོས།

    ཡན་ཅིན་ཧའེ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཕེབས་ནས་དགེ་རྒན་ཚོར་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོས་དུས་ཡུན་རིང་པོའི་ནང་བོད་དུ་རྩ་བ་ཚུགས་པ་དང་བོད་ལ་ལེགས་སྐྱེས་ཕུལ་ནས་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།