དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-11

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་2023ལོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སྐབས་བཞི་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་ཚད་མཐོའི་འགན་འཁུར་གྱི་སྙིང་སྟོབས་དང་གཟབ་ནན་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས“ཡག་ཐོག་ཡག་བརྩེགས་དང་། ཞིབ་ཚགས་པ། བདེ་འཇགས་ཕུན་སུམ་ཚོགས་པ”བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་སྐབས་འདིའི་འགྲན་བསྡུར་སྤུས་ཚད་ལྡན་པ་དང་། ཤུགས་རྐྱེན་ལྡན་པ། ཆུ་ཚད་ལྡན་པ་ཞིག་གཉེར་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་བཅས་ཡིན་པའི་ཕུར་བུ་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་སྒྲིག་འཛུགས་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ལུས་རྩལ་དར་ན་རྒྱལ་ཁབ་དར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་འགྲན་བསྡུར་ཆེ་གྲས་རབ་དང་རིམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། སྐབས་འདི་ནས་བཟུང་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་དེ་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་ལས་རིགས་ཀྱི་རིམ་སྤེལ་འགྲན་བསྡུར་དང་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་ཨེ་ཤེ་ཡའི་འགྲན་བསྡུར་གྱི་ཉིན་རེའི་གྲོས་རིམ་ནང་བཅུག་སྟེ།

    རྒྱལ་སྤྱིའི་ཚད་གཞི་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་འགྲན་བསྡུར་ཞིག་ཏུ་གྱུར་ནས། འཛམ་གླིང་ལ་ཀྲུང་གོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པའི་སྐར་ཁུང་ཡག་ཤོས་སུ་གྱུར་ཏེ་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱིས་ས་གནས་ཁག་གི་དོན་དངོས་ལ་གཞི་ཚུགས་པ་དང་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ད་ཐེངས་ཀྱི་འགྲན་བསྡུར་དེ་དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་ལ་སྐུལ་ཁྲིད་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལུས་རྩལ་དང་། རིག་གནས། ཡུལ་སྐོར། ཞིང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ལུས་རྩལ་གྱི་སྙིང་སྟོབས་མངོན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་འགྲན་བསྡུར་འགོ་ཚུགས་པར་ཟླ་བ་གཅིག་ལས་མེད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་ཇུས་གཞི་ཞིབ་ཕྲ་བཟོས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ། འགྲན་བསྡུར་བདེ་འཇགས་དང་། ཐུགས་གྲ་ལེགས་འགྲིག བདེ་བླག་བཅས་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།