དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཕེ་ཅིན་ཅ་བཅས་པ་དང་བཞུགས་མོལ་གནང་བ།

    ཡན་ཅིན་ཧའེ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-10

    ཟླ་9ཚེས་7ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཕེ་ཅིན་ཅ་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཕེ་ཅིན་ཅ་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཕེ་ཅིན་ཅ་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཚད་བརྒལ་གསར་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད། ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་རབས་གསར་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་བཀོད་སྒྲིག་དང་། ཞབས་ཞུ་འགན་ལེན། ཁེ་དབང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་ཏན་ཏིག་བསྒྲུབས་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་གྱི་རིམ་པ་དང་ནང་དོན་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས། དམག་ཞབས་ཐིམ་པའི་དམག་མི་བཀོད་སྒྲིག་དང་། ཐོབ་ཐང་འགན་ལེན། གཟིགས་སྐྱོང་ཁ་གསབ་སོགས་ལ་མུ་མཐུད་རྒྱབ་སྐྱོར་དང་། དམག་ཞབས་ཐིམ་པའི་དམག་མིའི་ལེགས་ཆ་གང་ལེགས་བཏོན་ནས་དམག་ཞབས་ཐིམ་པའི་དམག་མི་བོད་དུ་གཞི་ཚུགས་པ་དང་། བོད་ལ་ཞབས་འདེགས་ཞུ་བ། བོད་ལྗོངས་འཛུགས་སྐྲུན་བཅས་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་བ། དམག་ཞབས་ཐིམ་པའི་དམག་མི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་རྒྱ་ཁྱབ་དང་གཏིང་ཟབ་ཞུགས་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ་བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་གནང་རྒྱུའི་རེ་བ་ཡོད། བོད་ཀྱིས་སེམས་ནུས་ཡོད་རྒུས་ཞབས་འདེགས་ཞུ་བར་ཤུགས་སྣོན་བརྒྱབ་སྟེ་དམག་ཞབས་ཐིམ་པའི་དམག་མིའི་སྲིད་ཇུས་དོན་འཁྱོལ་ཡག་པོ་དང་དམག་ཞབས་ཐིམ་པའི་དམག་མིའི་ཁེ་དབང་འགན་ལེན་ཡག་པོ་བྱས་ནས་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་རྒྱུན་མཐུད་སྲ་བརྟན་དུ་བཏང་སྟེ་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་ཉ་ཆུ་ལྟ་བུའི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་གི་ཡིན་ཞེས་གསུངས་པ་རེད།

    ཕེ་ཅིན་ཅ་ཡིས་རྟོག་ཞིབ་བརྟག་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་ལས་དོན་ཁག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་འགན་འཁུར་གྱི་སྙིང་སྟོབས་ཟབ་མོར་བརྟེན་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཁས་ལེན་བྱེད་འོས་པའི་གྲུབ་འབྲས་དང་སློབ་སྦྱོང་བྱེད་འོས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་མང་པོ་བཏོད་ཡོད། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། གསར་བརྗེའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    བོད་དུ་བཞུགས་རིང་ད་དུང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ཡན་ཅིན་ཧའེ་སྐུལ་སྤེལ་ཚོགས་འདུར་ཞུགས་ཏེ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་གོ་སྐབས་སུ་བྱས་ནས་སེམས་ནུས་གཅིག་སྒྲིལ་དང་། དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན། ཕྱོགས་བསྡུས་ཇུས་བསྟར། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།