དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་ཁོངས་གཏོགས་ཏང་ཀྲི་པུའི་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-09

    ཟླ་9ཚེས་7ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གཞུང་ལས་ཁང་གི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ནས་ཀྲི་པུའི་ཏང་ཡོན་དང་མཉམ་དུ་སློབ་སྦྱོང་གྲོས་བསྡུར་དང་། འཚོལ་བཤེར་དབྱེ་ཞིབ། བསམ་བློའི་མྱོང་བ་སྤེལ་རེས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་གནང་བ་རེད།

    ལའེ་ཅའོ་ཡིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གཞུང་ལས་ཁང་གི་ལས་དོན་ཡག་པོ་སྒྲུབ་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། “མཐའ་འཁྱོངས་ལྔ”ལག་ལེན་བསྟར་བ་ནི་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པའི་རང་འགན་འཁུར་ལེན་གྱི་མཚོན་ཚུལ་ཡག་ཤོས་ཡིན། གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་བསྐྱེད་དེ་ཏང་ལ་ལྷག་བསམ་མཐའ་གཅིག་ཏུ་བྱེད་པའི་ཕུགས་བསམ་དང་དད་སེམས་ཁྲག་རྒྱུན་ནང་འདྲེས་པ་དང་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱེད་མཁས་པོ་བྱས་ཏེ་ཞབས་ཞུ་དང་། འགན་ལེན། རྩ་འཛུགས་བཅས་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བར་གུང་ཁྲན་ཏང་མིའི་སྤྱོད་ཚུལ་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བར་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས“ཞབས་ཞུ་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་པའི་ཐད་མཚོན་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།