དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཤའོ་ཡིའུ་ཚའེ།
  • ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་རེས་སྐོར་གཉིས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་6ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་རེས་སྐོར་གཉིས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་རེས་སྐོར་གཉིས་པའི་ཚོགས་ཆུང་ཁག་དང་པོའི་ཚང་འཛོམས་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་རེས་སྐོར་གཉིས་པའི་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་གནང་བ་རེད། འཇམ་དཔལ་དང་། སུན་ཤན་ཀྲུང་། བསྟན་པ། སྒྲོལ་དཀར། རྒྱ་མཚོ་ལྷ་མོ་བཅས་ཚོགས་འདུར་ཞུགས་པ་རེད།

    ཤའོ་ཡིའུ་ཚའེ་ཡིས་གསུངས་དོན། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཁག་དང་པོར་འཇམ་དཔལ་དང་། སུན་ཤན་ཀྲུང་། སྒྲོལ་དཀར། རྒྱ་མཚོ་ལྷ་མོ་བཅས་ཀྱིས་ཙུའུ་ཀྲང་གནང་བའི་ལྟ་བཤེར་ཚོགས་ཆུང་4བཙུགས་ནས་ལྷ་ས་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་སོ་སོར་ལྟ་བཤེར་བྱེད་རྒྱུ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་རང་འགན་གཙང་སྒྲུབ་དང་འགན་འཁྲི་ཁུར་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས།

    ཤའོ་ཡིའུ་ཚའེ་ཡིས་ནན་བཤད་གནང་དོན། ལྟ་བཤེར་ཚོགས་ཆུང་ཁག་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གྲུབ་འབྲས་ཆེན་པོ་དང་རྩ་ཆེའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་ལས་དོན་ནན་པོ་དང་། ལྟ་བཤེར་ནན་པོ། འགན་འཁྲི་བདའ་འདེད་ནན་པོ། ཆ་འཕྲིན་མྱུར་པོ་བཅས་བྱས་ནས་ལྟ་བཤེར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ལྟ་བཤེར་བྱ་ཡུལ་གྱི་གྲོང་ཁྱེར་ཁག་གིས་རང་འགུལ་ངང་ལྟ་བཤེར་དང་ལེན་བྱས་ནས་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ། འབྲེལ་ཡོད་བླང་བྱ་དང་ཚད་གཞིར་ནན་པོར་གཞིགས་ནས་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    ད་ཐེངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་ཡུན་ཉིན་20ཡིན་པ་དང་ལྟ་བཤེར་ཚོགས་ཆུང་ཁག་ཟླ་9ཚེས་7ཉིན་ནས་གཅིག་གྱུར་ཐོག་བཅའ་སྡོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།