དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བརྒྱད་པ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    ཚེས་6ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག《རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་གནད་ཐོག་དོ་ཁུར་བྱེད་པའི་གནད་དོན་དང་གནས་ཚུལ་བརྡ་ཁྱབ་ཚོགས་འདུའི་ལས་དོན་བྱ་ཐབས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་གཞི་རིམ་སྲིད་གྲོས་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་གྲོས་འགོའི་ཇུས་གཞིར》ཞིབ་འཇུག་བྱས་པ་མ་ཟད། 《རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་གི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་གོང་ཞུའི་ཆ་འཕྲིན་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་རྒྱུའི་སྐོར་གྱི་གནས་ཚུལ་སྙན་ཞུ》དང་། 《ནུབ་རྒྱུད་ས་ཁུལ་གྱི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་གནས་ཚུལ་སྐོར་གྱི་སྙན་ཞུ》《སྲིད་གྲོས་ཨུ་ཡོན་གྱིས་རང་ལྗོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལ་གཟིགས་ཞིབ་གནང་བ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ཉན་པ་དང《ཨུ་ཡོན་གྱིས་དཔེ་དེབ་ཀློག་པའི་བྱེད་སྒོའི་ལས་དོན་གཏིང་ཟབ་སྤེལ་རྒྱུའི་ཇུས་གཞིར》ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་ཀའི་ཁྲོད་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། “སྣེ་ཁྲིད”དང“ཞབས་ཞུར”སྣང་ཆེན་བྱས་ནས་བསམ་གཞིག་དང་འཆར་འགོད་མང་ཙམ་བྱས་ཏེ། གཞི་རིམ་སྲིད་གྲོས་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་ནང་དོན་དེ་བས་རྒྱ་ཆེ་བ་དང་། རྣམ་པ་དེ་བས་ཕུན་སུམ་ཚོགས་པ། ཕན་འབྲས་དེ་བས་མངོན་གསལ་དོད་པ་བཅས་ཡོང་བར་བྱེད་དགོས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་གྲོས་ཀྱིས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་གོང་ཞུའི་ཆ་འཕྲིན་ལས་དོན་ཡག་པོ་བསྒྲུབ་དགོས། གྲོས་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་གྲོས་གཞི་སྒྲུབ་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་གྲོས་གཞིའི་ལས་དོན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་མུ་མཐུད་འཕེལ་རྒྱས་གཏོང་བ་སོགས་ལ་ཐབས་འདོན་ཇུས་འབུལ་བྱས་ནས་བློ་གྲོས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཨུ་ཡོན་གྱིས་དཔེ་དེབ་ཀློག་པའི་བྱེད་སྒོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་སྟེ་དཔེ་དེབ་ཀློག་པའི་བྱེད་སྒོ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།