དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རྡོ་རྗེ་ཚེ་གྲུབ།
  • ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོའི(ཨའོ་མོན)བོད་ལྗོངས་རིག་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་པ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-07

     ཟླ་9ཚེས་2ཉིན་གྱི་སྔ་དྲོར། ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཀྱིས་བོད་དུ་རྟོག་ཞིབ་ལ་སླེབས་པའི་ཀྲུང་གོའི(ཨའོ་མོན)བོད་ལྗོངས་རིག་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་པའི་ཚོགས་གཙོ་ཧྲི་ཅ་ལུན་བཅས་པ་དང་བཞུགས་མོལ་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་སྒྲུབ་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    རྡོ་རྗེ་ཚེ་སྒྲུབ་ཀྱིས་ཕྱོགས་གཉིས་པོས་རང་ངོས་ཀྱི་དགེ་མཚན་ཆེ་རིགས་མུ་མཐུད་འདོན་སྤེལ་བྱས་ནས་སྤེལ་རེས་དང་འབྲེལ་མཐུད་ལ་ཤུགས་སྣོན་དང་། སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ། ཁེ་ལས་ཀྱི་གཏིང་ཟབ་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་དང་ཨའོ་མོན་ས་གནས་གཉིས་ཀྱི་དཔལ་འབྱོར་དང་། རིག་གནས། ཐོན་ལས་བཅས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཧྲི་ཅ་ལུན་དང་བཅས་པས་ཕྱོགས་གཉིས་པོར་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། ཀྲུང་ལུགས་གསོ་རིག་ཐོན་ལས། ཐོན་རྫས་དྲིལ་བསྒྲགས། ཚོང་འགུགས་མ་འདྲེན་སོགས་ཐད་ལ་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད། ཀྲུང་གོའི(ཨའོ་མོན)བོད་ཀྱི་རིག་གནས་དཔལ་འབྱོར་འཕེལ་རྒྱས་སྐུལ་སྤེལ་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ལས་སྟེགས་ཡག་པོ་བསྐྲུན་ཏེ། བོད་ཀྱི་ཁེ་ལས་ཕྱིར་སྐྱོད་ལ་རམ་འདེགས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།