དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས།

    ལྗོངས་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཆེད་དོན་ཨུ་ལྷན་ཡན་ལག་ཏང་ཙུའུ་བཅས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    ཚེས་4ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་ཝང་ཀང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་། ལས་ཁུངས་ཏང་ཙུའུ། ཆེད་དོན་ཨུ་ལྷན་ཡན་ལག་ཏང་ཙུའུ་བཅས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནས་ཚུལ་བརྡ་ཁྱབ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རིམ་ཁག་ཏང་ཙུའུ་ཡིས་དག་ཐེར་དོན་འཁྱོལ་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཆབ་སྲིད་ཀྱི་ཚུཌ་གནས་སྔར་བས་མཐོ་རུ་བཏང་སྟེ་དག་ཐེར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། དག་ཐེར་ལ་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད། དག་ཐེར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད། དག་ཐེར་ལ་བརྟེན་ནས་སྤྱོད་གཙང་ལ་སྐུལ་འདེད་བཅས་མཐའ་འཁྱོངས་གཏོང་དགོས། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནད་དོན་དག་ཐེར་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་དག་ཐེར་བཅོས་སྒྲིག་ནང་མཉམ་འདྲེས་བྱེད་རྒྱུར་དམ་འཛིན་བྱེད་པ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་གསེད་དཀྲོལ་ནན་ཏན་བྱེད་པ་དང་བྱ་ཐབས་ཞིབ་ཕྲ་བཟོས་ཏེ་དག་ཐེར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཕྱོགས་བསྡུས་ཇུས་འདོན་དང་། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་། རྒྱུན་མཐུད་ཤུགས་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། བོད་ཀྱི་སྲིད་གྲོས་ལས་དོན་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།