དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-05

    ཚེས་1ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྲིད་ཁྲིམས་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་བཏང་ནས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཧུང་པོ་དང་། ཚེ་བརྟན། ཤཱ་ཁེ་ཆིན་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྲིད་ཁྲིམས་སྒྱུར་བཅོས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དེ་བཞིན《སྲིད་ཁྲིམས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་རྩ་གནད》སོགས་ཡིག་ཆའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་སྒྱུར་བཅོས་ལས་དོན་བཀོད་སྒྲིག་བྱས་པ། 《སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ལམ་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》སོགས་ཡིག་ཆར་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ཁྲིམས་སྒྱུར་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ལམ་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པའི་སྲིད་ཁྲིམས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ཞིག་ཡིན་པས། གྱོད་དོན་ཐོ་འགོད་བདག་སྤྲོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྱོད་གཞི་ཐོན་ཚེ་གྱོད་ཐོ་འགོད་པ་དང་ཞུ་གཏུག་བརྒྱབ་ཚེ་བདག་སྤྲོད་ཐུབ་པ་བྱེད་དགོས་པ་དང་། མྱུལ་ཞིབ་དང་བརྟག་དཔྱད་དཔང་ལེན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྱོད་སྒྲུབ་ཀྱི་སྤུས་ཚད་འབྱུང་རྩ་ནས་མཐོ་རུ་གཏོང་དགོས། རང་འདོད་ཐག་གཅོད་དབང་ཆ་འཐུས་སྒོ་ཚང་བ་དང་ཚད་ལྡན་དུ་བཏང་སྟེ་ཁྲིམས་སྒྱུར་གྱི་ཁྲུན་གཅོད་དང་ཁྲིམས་འཛིན་གྱི་ཁྲིམས་གཅོད་དྲང་བདེན་དྲང་གཞག་དང་ལུགས་དང་མཐུན་པའི་འགན་ལེན་བྱེད་དགོས། གྱོད་འབྲེལ་གྱི་རྒྱུ་ནོར་དོ་དམ་དང་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་དེ་བས་ཚད་ལྡན་དུ་གཏོང་དགོས། ཁྲུན་གཅོད་ལག་བསྟར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་དབང་ཆ་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་དགོས། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ཚོད་འཛིན་དང་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་དབང་ཆ་འཁོར་སྐྱོད་ཀྱི་ལམ་སྲོལ་དང་འཚམ་པའི་ལྟ་སྐུལ་དང་ཚོད་འཛིན་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་ནས་ནན་པོ་དང་དྲང་གཞག་གིས་ཁྲིམས་སྒྱུར་ཁྲིམས་འཛིན་བྱེད་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།