དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཚོགས་འདུའི་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཚེས་28ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཚོགས་འདུའི་ཚན་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ་ནི་བརྗོད་དོན་གཙོ་བོའི་སློབ་གསོར་ཞིབ་དཔྱོད་དག་ཐེར་གྱི་གཞི་རྟེན་གལ་ཆེན་ཞིག་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་ཐོག་མཐའ་བར་གསུམ་དུ་མཐོ་རུ་བཏང་སྟེ་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་བས་སྟངས་འཛིན་ནན་པོ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་དེ་བས་དམ་འཛིན། འབད་འབུངས་ཡར་བརྩོན་གྱིས་འགན་འཁྲི་འཁུར་ནས་ལས་འགན་དང་འགན་འཁྲི་དེ་བས་ཏན་ཏིག་འཁུར་བ། མིག་སྔར་བཅོས་སྒྲིག་གི་ལས་དོན་ཡུན་རིང་སྤེལ་བ་མཐའ་འཁྱོངས་ཀྱིས་བཅོས་སྒྲིག་གི་བྱ་ཐབས་དེ་བས་ཞིབ་ཚགས་སུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་དེ་བས་ནན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་སྒོའི་ཏང་འཛུགས་སྐྱོང་དེ་བས་ཡག་པོ་ཡོང་བ་དང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།