དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་དང་བཞུགས་མོལ་གནང་བ།

    ཡན་ཅིན་ཧའེ་དང་དབྱིན་ཡུང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཟླ་8ཚེས་30ཉིན་པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་དང་འབྲེལ་པེ་ཅིང་དང་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་དབྱིན་ཡུང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ། པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། པེ་ཅིང་གྲོང་ཁྱེར་གྱིས་བོད་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། པེ་ཅིང་གིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་དང་མཉམ་དུ་སྤྱི་ཚོགས་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར། མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམ་རྒྱུའི་རེ་བ་ཡོད། བོད་ལྗོངས་ཀྱིས་ཀྱང་ད་ཐེངས་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ་གོ་སྐབས་སུ་བྱས་ཏེ་རང་འགུལ་ངང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཐོག་མཐའ་བར་གསུམ་དུ་དྲིན་ཚོར་ཡར་བརྩོན་གྱིས་བོད་སྐྱོར་རྣམ་གྲངས་ཡོད་དོ་ཅོག་ལ་དོ་དམ་ཡག་པོ་བྱེད་པ་དང་། བོད་སྐྱོར་མ་དངུལ་ཚང་མ་དམིགས་སར་སྤྱོད་པ། བོད་སྐྱོར་ལས་བྱེད་པ་ཚང་མར་གཅེས་སྐྱོང་ཡག་པོ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་པེ་ཅིང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་གསུངས་པ་རེད།

    དབྱིན་ཡུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོར་པེ་ཅིང་གྲོང་ཁྱེར་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། རྒྱང་ལམ་གསར་པར་པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁ་གཏད་བོད་སྐྱོར་རང་འཁྲིའི་ལས་དོན་ལ་བརྩིས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་མ་ཟད། བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལྷ་སའི་མང་ཚོགས་ཀྱི་རེ་སྒུག་ལ་དམིགས་ཏེ་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་དམངས་འཚོའི་ཁྱབ་ཁོངས་དང་གཞི་རིམ་ལ་བཏང་ནས་མཉམ་ལས་ཀྱི་གྲུབ་འབྲས་ལས་ས་གནས་དེ་གའི་མང་ཚོགས་ལ་ཕན་འདོགས་རྒྱུ་ཡིན་ལ།མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་ནས“པེ་ཅིང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ཧུར་ཐག་སྤེལ་བ་དང་། སློབ་གསོ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་གཏིང་ཟབ་སྤེལ་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད། གྲོང་གསེབ་དར་རྒྱས་གཏོང་བའི་རོགས་སྐྱོར་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ནས་དབུལ་སྒྲོལ་ས་ཁུལ་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱབ་ཁོངས་རྣམ་གྲངས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་འཕེལ་རྒྱས་ཆེད་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཁྱད་ལྡན་ཞིང་ཞོར་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྣེ་ཁྲིད། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤྱོད་ཚུལ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁ་གཏད་རོགས་སྐྱོར་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།