དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ལྷན་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-31

    ཚེས་29ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཨུ་ལྷན་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་དང་ཟུར་དཔྱད་གནང་བ་རེད།

    ལའེ་ཅའོ་ཡིས། གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ནས་མཇུག་འཕྲོའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། དྲང་གཞག་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་པུའུ་དོན་ཨུ་ལྷན་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ་དང་། སྣེ་ཁྲིད་དེ་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་བློས་འགེལ་ཆོག་པ་དང་ལྷག་བསམ་རྣམ་དག་གི་པུའུ་དོན་ཨུ་ལྷན་ཚན་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པ། སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུ་གཏིང་ཟབ་ཏུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་གྱི་པུའུ་དོན་ཨུ་ལྷན་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ། སྣེ་ཁྲིད་དེ་སྤྱོད་གཙང་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་སྤྱོད་བཟང་རང་བཀུར་དང་སྤྱོད་གཙང་རང་གཅུན་གྱི་པུའུ་དོན་ཨུ་ལྷན་ཚན་ཁག་འཛུགས་སྐྱོང་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།