དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ཀྲུང་ཤིན་ཚོགས་པའི་སྤྱི་གཉེར་ཞི་གོ་ཧྭ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-30

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་ཤིན་ཚོགས་པའི་སྤྱི་གཉེར་ཞི་གོ་ཧྭ་བཅས་པ་དང་བཞུགས་མོལ་གནང་བ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞི་གོ་ཧྭ་དང་བཅས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་ཤིན་ཚོགས་པས་ཡུན་རིང་ཚུན་དུ་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་ཤིན་ཚོགས་པའི་སྤྱི་གཉེར་ཞི་གོ་ཧྭ་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞི་གོ་ཧྭ་དང་བཅས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་ཤིན་ཚོགས་པས་ཡུན་རིང་ཚུན་དུ་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་བརྟན་པོ་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དགེ་མཚན་ཆེ་རིགས་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ་བཅས་ཡོད་པས་ཕྱོགས་གཉིས་པོར་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཡོད། ཀྲུང་ཤིན་ཚོགས་པས་དངུལ་རྩའི་ཐད་བོད་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས“ཚན་རྩལ་དང+ཐོན་ལས+དངུལ་རྩ”བཅས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ་བོད་ལ་ཕྱོགས་བསྡུས་དངུལ་རྩའི་རྒྱབ་སྐྱོར་དང་ཞབས་འདེགས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་རེ་བ་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ཤེས་ལྡན་པ་དང་ལག་རྩལ་སོགས་ཀྱི་ལེགས་ཆ་མུ་མཐུད་བཏོན་པ་དང་། བོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པར་རྒྱབ་སྐྱོར་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་གཉིས་ཕན་འཕེལ་རྒྱས་ཡོང་བར་བྱེད་དགོས། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ཀུན་སྤྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཁ་གཏད་བོད་སྐྱོར་གྱི་དཔེ་མཚོན་ཧུར་ཐག་བཏོད་ནས་བོད་སྐྱོར་གྱི་རྣམ་པ་གསར་གཏོད་དང་བོད་སྐྱོར་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་ཕྱོགས་ཡོངས་དང་ཐབས་ལམ་མང་པོ་ནས་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ཤེས་ལྡན་མི་སྣའི་བོད་སྐྱོར་དང་རིག་སྟོབས་བོད་སྐྱོར་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་སྣོན་དགོས།

    ཞི་གོ་ཧྭ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་ཤིན་ཚོགས་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས། ཀྲུང་ཤིན་ཚོགས་པས་དངུལ་རྩ་དང་ཁེ་ལས་མཉམ་འཛིན་གྱི་ཕྱོགས་བསྡུས་ལེགས་ཆ་གང་ལེགས་བཏོན་ཏེ། ཐོན་ལས་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་བོད་སྐྱོར་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ་དང་། ཕྱོགས་ཡོངས་དང་རིམ་པ་མང་བའི་འཐབ་ཇུས་མཉམ་ལས་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།