དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2023ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-26

    ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2023ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པར་བླང་བྱ་ཁ་གསལ་བཏོན་གནང་བ་རེད། པུའུ་ལས་དོན་ཨུ་ལྷན་གྱི་ཚན་པའི་ཁོངས་མིས་རིམ་པ་བཞིན་སྤེལ་རེས་གཏམ་བཤད་བྱས་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། དོན་འཁྱོལ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་བསམ་དད་སེམས་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད། རང་འགན་ཐེག་པ་འཁུར་ལེན། སྤྱོད་གཙང་རང་འདོམས་སོགས་ཐད་ལྷག་པའི་ཧེ་བག་དང་མི་འདང་ས་འཚོལ་ཞིབ་ནན་ཏན་བྱས་ནས་རང་ངོས་འཚོལ་བཤེར་གཏིང་ཟབ་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་དགོས། ལྷག་བསམ་རྣམ་དག་གིས་སྙིང་གཏམ་ཤོད་རེས་དང་འབྲེལ་གཏུག་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཡག་པོ་དང་། སྙིང་གཏམ་ཤོད་རེས་དང་གླེང་མོལ་ཡག་པོ། བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བཅས་བྱས་ནས་སྐྱོན་བརྗོད་གནད་ལ་མི་འཁེལ་བ་དང་ནན་པོ་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་དགོས། གནད་དོན་ལ་བསམ་གཞིག་ནན་པོ་བྱེད་པ་དང་། རང་ངོས་འཚོལ་བཤེར་དང་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་པ། དབྱེ་ཞིབ་གཏིང་ཟབ་དང་བསམ་ཞིབ་ཡང་ཡང་བཅས་བྱས་ཏེ། གནད་དོན་དབྱེ་ཞིབ་བྱས་པ་གནད་འཁེལ་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་དགོས། ཁ་བཤད་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལས་ཀ་དང་ལས་གནས་ཀྱི་དོན་དངོས་ལ་གཞིགས་པ། ལག་ལེན་དུ་འཁྱོལ་ཐུབ་ཅིང་དམིགས་ས་ཡོད་པའི་བྱེད་ཐབས་འདོན་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དག་ཐེར་བྱེད་ཐབས་གནད་ལ་མི་འཁེལ་བའི་གནད་དོན་ཐག་གཅོད་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།