དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ། ལེན་དབྱི་མིན་གྱིས་ཟུར་དཔྱད་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-26

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་8ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ་བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་དག་ཏུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་ཞེན་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཡུལ་དང་ཡང་ཡང་བསྡུར་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལས་ཀའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱེད་པ། ཏང་གཤིས་དབྱེ་ཞིབ་བྱེད་པ། ཧེ་བག་དང་ཞན་ཆར་འཚོལ་བཤེར་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ། བསམ་བློའི་འབྱུང་རྩ་ནས་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། “གཏན་འཁེལ་གཉིས”ལ་རང་རྟོགས་ངང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་ལེན་དབྱི་མིན་གྱིས་ཚོགས་འདུར་མཛུབ་ཁྲིད་གནང་བ་དང་འབྲེལ་ཟུར་དཔྱད་གསུང་བཤད་ཀྱང་གནང་བ་དང་། མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ཆིང་ཚང་དང་ཁོངས་མི་གཞན་དག་ཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། ཚོགས་འདུ་མ་འཚོག་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལས་ཀའི་ཇུས་གཞི་ཞིབ་ཚགས་བཟོ་བ་དང་། གླེང་མོལ་གཏིང་ཟབ་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་མཉམ་སྡེབ་སློབ་སྦྱོང་འཚོག་པ་བཅས་བྱས་ནས་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་གང་ལེགས་བྱས་ཡོད་པ་རེད།

    ཚོགས་འདུར་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་2022ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དག་ཐེར་དོན་འཁྱོལ་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཝང་ཅུན་ཀྲེང་གིས། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཚན་ཁག་གི་ཚབ་ཞུས་ནས་ལྟ་བསྡུར་ཞིབ་བཤེར་གནང་བ་དང་སྣེ་ཁྲིད་དེ་མི་སྒེར་གྱི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ཀྱང་གནང་བ་རེད། དེ་རྗེས་རྒྱུན་ཨུད་བློ་མཐུན་རེ་རེ་བཞིན་གྱིས་གཏམ་བཤད་གནང་སྟེ་སྒམ་བརླིང་ནན་ཏན་ངང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད། ཚང་མས་བརྗོད་དོན་གཙོ་བོ་དང་གནད་དོན་ལ་ཐད་ཀར་དམིགས་ནས་རང་སྐྱོན་ལྷུག་པོར་གླེང་བ་དང་ཕན་ཚུན་སྐྱོན་བརྗོད་བྱས་ནས་གནད་དོན་དངོས་འདོན་པ་དང་གནད་དོན་ངོ་མ་འདོན་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གཟབ་ནན་གྱི་རང་བཞིན་མཚོན་པ། ལྷག་པར་དུ་ཅི་གོ་ཀང་དང་ཅང་ཅེ་སོགས་ལྡོག་ཕྱོགས་ཀྱི་དཔེ་མཚོན་དུ་བྱས་ཏེ། གྱོད་དཔེར་བརྟེན་ནས་ཉེན་བརྡ་གཏོང་བ་དང་གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་བཏང་ཞིང་། དེ་ནི་སྒམ་བརླིང་ནན་ཏན་དང་། དམངས་གཙོ་མཐུན་སྒྲིལ། དམ་པ་དོན་གཉེར། ཕན་འབྲས་ཐོན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཞིག་རེད།

    ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ་ནི། བརྗོད་དོན་གཙོ་བོའི་སློབ་གསོའི་འཚོལ་བཤེར་དག་ཐེར་གྱི་གཞི་རྟེན་གལ་ཆེན་ཞིག་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་འགན་ལེན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ཚོགས་ཞུགས་བློ་མཐུན་ཚོས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས། བློ་སྟོབས་ལ་ཞུན་བརྡར་སྤྲད་སྟབས་ཚང་མས་སྣེ་ཁྲིད་དེ་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོར་བརྟེན་ནས་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བོད་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱུན་མཐུད་ཤུགས་བརྒྱབ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དང་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། བརྟག་ཞིབ་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་དགོས། གནད་དོན་འཚོལ་བཤེར་དག་ཐེར་ལ་རྒྱུན་མཐུད་ཤུགས་བརྒྱབ་ནས་དག་ཐེར་ལ་དམིགས་ཚད་ཡོད་པ་དང་། སྐུལ་འདེད་ལ་བྱ་ཐབས་ཡོད་པ། དོན་འཁྱོལ་ལ་འགན་འཁྲི་ཡོད་པ། ལེགས་སྒྲུབ་ལ་དུས་བཅད་ཡོད་པ་བཅས་བྱེད་དགོས། ལས་དོན་ལ་སྐུལ་འདེད་གཏོང་བར་སྤྱི་འདོམས་མཐུན་སྦྱོར་བྱེད་པའི་ཐད་རྒྱུན་མཐུད་ཤུགས་བརྒྱབ་སྟེ་ཁྱབ་ཁོངས་དང་། རིམ་པ། རིགས་བཅས་དབྱེ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། ཁྱད་པར་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ལ་སྐུལ་འདེད་གཏོང་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་གཙང་ཞིང་དྲི་མ་མེད་པ་དང་། ཚུལ་ལྡན་ལུགས་མཐུན། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ཏང་ནང་ཁུལ་གྱི་བློ་མཐུན་དབར་གྱི་འབྲེལ་བ་ཆགས་པར་སྐུལ་འདེད་གཏོང་དགོས། མི་འདེམས་སྤྱོད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་སྐུལ་ལྕག་དང་འཆུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀ་བྱེད་སྟངས་དང་། འཇོན་ཐང་། ཆུ་ཚད་བཅས་ལ་ཞིབ་དཔྱད་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལེན་དབྱི་མིན་གྱིས་ཟུར་དཔྱད་གསུང་བཤད་གནང་སྐབས། ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་གྲ་སྒྲིག་ཚགས་སུ་ཚུད་པས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནད་ལ་འཁེལ་བ་དང་དག་ཐེར་བྱེད་ཐབས་ཞིབ་ཅིང་ཕྲ་ལ་ནུས་པ་ལྡན་པས་གདོང་དམར་པོ་ཆགས་པ་དང་རྔུལ་ནག་དོན་ཡོད་ལ་ངར་ཤུགས་འཕེལ་ནས་སྤུས་ཚད་མཐོ་བའི་རྣམ་པ་གསར་པ་ཆགས་ཏེ་སྔོན་དཔག་གི་ཕན་འབྲས་ཐོན་ཡོད། གོམ་སྟབས་རྗེས་མར་ཚོགས་འདུའི་གྲུབ་འབྲས་ཡག་པོ་སྤྱོད་པར་འབད་བརྩོན་བྱས་ནས་ཚོགས་འདུའི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་མུ་མཐུད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་དང་། ཕུགས་ཕན། འཛེམ་མེད་དམར་འདོན་བཅས་ལ་བརྟེན་ནས་གནད་དོན་དག་ཐེར་དང་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ་རེ་རེ་བཞིན་དག་ཐེར་དམིགས་སར་འབྱོར་བའི་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། མྱོང་ཚོར་ཐུབ་པ། བློ་ཡིད་ཚིམ་པོ་བཅས་ཡོང་བར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་འཐབ་ཇུས་ཀྱི་ངེས་གནས་གནད་ལ་འཁེལ་པོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་རེ་རེ་བཞིན་ཞིབ་འཇུག་གཏིང་ཟབ་དང་ཁག་རེ་རེ་བཞིན་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་མཐའ་འཁྱོངས་བརྒྱབ་ནས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་མཐའ་འཁྱོངས་འཇོག་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་འགོ་ཁྲིད་ཚན་ཁག་གི“འགག་རྩ་ཉུང་ཤས”ཀྱི་དཔེ་བཟང་ལ་བརྟེན་ནས་བོད་དུ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།