དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཤའོ་ཡིའུ་ཚའེ།
  • ཤའོ་ཡིའུ་ཚའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བཟོ་འཕྲིན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་ལྷ་རྩེ་རྫོང་གི་ཁེ་ལས་ཁག་གཅིག་ཏུ་ཕེབས་ནས་བཟོ་འཕྲིན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་སྔ་རྗེས་སུ་ཀྲུང་གོ་སྒུལ་བདེ་གཞིས་རྩེ་ཡན་ལག་ཀུང་སི་དང་ལྷ་རྩེ་རྫོང་ཡར་ཆུ་ཨར་འདམ་བཟོ་གྲྭ་སོགས་སུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། སྙན་སེང་གསན་པ། སྤེལ་རེས་གླེང་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་སྐྲུན་དང་ས་མཐོའི་བཟོ་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་དགོངས་པ་གལ་ཆེན་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། གྲངས་གཞིའི་ཐོན་ཁུངས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། མཉམ་སྤྱོད་བརྗེ་རེས། རྨང་གཞིའི་སྒྲིག་བཀོད་བཅས་ལེགས་བསྡུས་གྲོན་ཆུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།གྲངས་གཞིའི་ཐོན་ཁུངས་གཅིག་སྡུད་འཁོར་རྒྱུག་དང་གཞིས་རྩེའི་ཁྱད་ལྡན་གསར་གཏོད་བེད་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ཁྲོམ་རའི་སྟོན་ཕྱོགས་དང་ཕན་འབྲས་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་བརྟན་པོ་སྲུང་བ་དང་། ཐོན་སྐྱེད་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ། ཐོན་སྐྱེད་ལག་རྩལ་ལེགས་སུ་གཏོང་བ། ཁྲོམ་ར་རྒྱ་ཆེར་ཧུར་ཐག་གཏོང་བ། དེ་བས་ལེགས་ལ་མྱུར་བའི་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས། ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས་པ། བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་བདེ་འཇགས་དོགས་ཟོན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།