དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཟླ་8ཚེས་6ནས་10ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་། སྔ་རྗེས་སུ་སོག་རྫོང་ཙན་དན་དགོན་དང་། རྒྱལ་གཅེས་རིང་ལུགས་ཀྱི་ལོ་རྒྱུས་དྲན་གསོ་ཁང་། རོང་པོ་རབ་བརྟན་དགོན། སྦྲ་ཆེན་རྫོང་བྱ་མང་ཤང་ལུང་དཀར་དགོན་དང་རྫོང་སློབ་འབྲིང་། འབྲི་རུ་རྫོང་འབྲི་རུ་དགོན་སོགས་སུ་བརྟག་ཞིབ་གནང་བ་དང་། གྲོང་ཁྱེར་དང་རྫོང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པར་གཟིགས་པ། ནག་ཆུ་གྲོང་ཁྱེར་ཐད་གཏོགས་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་བཞུགས་མོལ་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་འདོམས་སུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འགན་འཁྲི་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་བརྟན་པོ་བྱེད་པ། འགན་འཁྲི་དང་ལས་འགན་ཏན་ཏིག་འཁུར་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དོན་འཁྱོལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པ་དང་། ཆོས་ལུགས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་དང“གྲོང་གསེབ་དར་རྒྱས་དང་ནག་ཆུ་མདུན་སྐྱོད”ལ་རམ་འདེགས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།