རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་དང་ཅིན་ཧྲན་ཝུན་གྱིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཁྲེན་ཡུང་ཆི་ཞུགས་པ།
ཟླ་8ཚེས་12ཉིན། བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
ཟླ་8ཚེས་12ཉིན། བོད་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
● རྒྱ་ཆེའི་ལས་བཟོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་སྟོབས་གསར་དམག་གི་ནུས་པ་གང་ལེཊ་བཏོན་ནས་སྤྱི་ཚོགས་རིང་ལུཊ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
ཚེས་12ཉིན་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་རྒྱ་ཆེའི་ལས་བཟོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་སྟོབས་གསར་དམག་གི་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅིའི་འོས་མི་ཅིན་ཧྲན་ཝུན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁྲེན་ཡུང་ཆི་དང་། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཐང་མིང་དབྱིན། ལང་ཧྥུའུ་ཁོན། སྒྲོལ་དཀར། ནོར་བུ་དོན་གྲུབ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་པ་དང་དེ་བཞིན་རང་ལྗོངས་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཁོང་གིས་རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ལས་བཟོའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། བཟོ་ཚོགས་ཀྱི་སྒྱུར་བཅོས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོར་མཐུན་སྒྲིལ་དམ་ཟབ་ཀྱིས་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་འབྱོར་འབྲིང་གི་རྒྱལ་ཁ་ཕུ་ཐག་གཅོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བཅས་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ནས་རང་ལྗོངས་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། སློབ་སྦྱོང་ལག་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། ལས་གནས་སུ་གཞི་ཚུགས་ཏེ་སློབ་སྦྱོང་ལ་སྙིང་རུས་དང་དངོས་སྒྲུབ་བརྩོན་ཞིབ་བྱེད་པ། ལས་སྒྲུབ་ལས་གཅེས་དང་། ལས་གཅེས་སྦྱང་བརྩོན། སྦྱང་བརྩོན་དེ་བས་མཁས་པ་བཅས་བྱེད་པ། འཐབ་ཕྱོགས་དང་པོར་སྦྱོང་བརྡར་དང་། ལས་གནས་ཐོག་སྦྱོང་བརྡར། འཚོ་བའི་ཁྲོད་སྦྱོང་བརྡར་བཅས་བྱེད་པ། ངལ་རྩོལ་དཔེ་བཟང་བ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོར་འཚར་ལོངས་ཡོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གྱི་འཛུགས་སྐྲུན་པ་ཕུལ་བྱུང་ཞིག་བྱེད་དགོས། དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱས་ཏེ་སྲོལ་གསར་འཛུགས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་འཛུགས་པར་སྣེ་ཁྲིད། ཁེངས་སྐྱུང་ངང་ངལ་རྩོལ་དང་འབད་འབུངས་སྙིང་རུས། ཡག་ཐོག་ཡག་བརྩེགས་དང་ཕུལ་བྱུང་བརྩོན་གཉེར་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དཔེ་བཟང་གི་ལག་བསྟར་བ་བྱེད་དགོས།
ཅིན་ཧྲན་ཝུན་གྱིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་ལས་དོན་ཁག་གི་འཕེལ་རྒྱས་གསར་པ་དང་ཕན་འབྲས་གསར་པར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་འཆར་གཞི་བཀོད་ནས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་རྩ་འཛུགས་ལ་ལས་འགན་གསར་པ་བཀོད་སྒྲིག་བྱས་ཡོད་ཅེས་གསུངས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་བཟོ་ཚོགས་ཁོངས་གཏོགས་ཁྲོད་གསོན་ཉམས་དོད་པོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རྒྱ་ཆེའི་ལས་བཟོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་བཏོན་ནས“ང་ཚོ་བཟོ་པར་སྟོབས་ཤུགས་ལྡན་པའི”དུས་རབས་གསར་པའི་ལེའུ་ཧུར་ཐག་རྩོམ་པ། རྒྱ་ཆེའི་ལས་བཟོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་བྱས་རྗེས་འཇོག་པ་དང་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་བ། ཁེ་དབང་སྲུང་སྐྱོང་ཞབས་འདེགས་ཀྱི་གཞི་རྩའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ལྷག་བསམ་རྣམ་དག་ངང་ལས་བཟོ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། གནད་སྨིན་རོགས་སྐྱོར་དང་ཀུན་ཕན་རང་བཞིན་གྱི་ཞབས་འདེགས་གཙོ་གནད་དུ་བྱེད་པའི་བཟོ་ཚོགས་ཀྱིས་ལས་བཟོར་ཞབས་འདེགས་ཞུ་བའི་མ་ལག་མགྱོགས་མྱུར་བསྐྲུན་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་སྤེལ་གཏོང་བའི་ཁྲོད་ལས་བཟོའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བཟོ་ཚོགས་ཀྱི་སྒྱུར་བཅོས་ཟབ་གཏོང་དང་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་བརྟན་པོར་འཛུགས་པ་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བཟོ་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་བཟོ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།