དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀྲོང་ཡན།
  • ཀྲོང་ཡན་གྱིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-14

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་མ་ཟད། གཞུང་ལས་ཚོགས་འདུའང་འཚོགས་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་ཞིང་ལས་ཕྱོད་ཆེ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བཀོལ་སྤྱོད་ཀྱི་བདག་སྐྱོང་དོ་དམ་ཞིབ་ཚགས་བྱས་ཏེ། སྔ་ཙམ་ལས་མཇུག་འགྲིལ་བ་དང་སྤྱོད་ཐུབ་པའི་འགན་ལེན་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཤའོ་ཡིའུ་ཚའེ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    རྣམ་གྲངས་བསྐྲུན་ཡུལ་དུ་ཀྲོང་ཡན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཆ་སྒྲིག་ཞབས་འདེགས་ཁང་པ་འཛུགས་སྐྲུན་དང་ལས་ཤག་ནང་ཁུལ་གྱི་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་གཞུང་ལས་ཚོགས་འདུ་འཚོགས་ཏེ་འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་པ་དང་། རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་སྟེ་རྣམ་གྲངས་འཛུགས་སྐྲུན་དང་བཀོལ་སྤྱོད་ཀྱི་བདག་སྐྱོང་དོ་དམ་ཐད་ནན་བཤད་དང་བཀོད་སྒྲིག་ཡང་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།