དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-14

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་རེས་སྐོར་གཉིས་པ་དང་ལས་ཞུགས་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་ལེགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་པ་འདོགས་པའི་ལས་དོན་སོགས་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུར་གསུངས་དོན། སྐྱེ་ཁམས་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་བའི་གཙོ་གནད་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་རང་རྟོགས་ལ་སྐུལ་འདེད་བཏང་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་སྒམ་བརླིང་ནན་ཏན་གྱིས་ལྟ་ཞིབ་བྱས་ཏེ་གྲོང་ཁྱེར་དང་ས་གནས་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལག་ལེན་བསྟར་ནས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དོན་དངོས་ཀྱི་ཕན་འབྲས་ཐོན་རྒྱུར་ལྟ་སྐུལ་གྱིས་གནད་དོན་སྟོན་ཕྱོགས་དུ་འཛིན་རྒྱུ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། འགག་རྩ་བཙལ་འཚོལ་ཡང་དག་བྱེད་པ། འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ། ལྟ་སྐུལ་དང་རོགས་རམ་ཟུང་འབྲེལ། རྩིས་ཁྲར་གཞིགས་ནས་སྒྲུབ་རྒྱུར་ལྟ་སྐུལ། ལས་ཡུན་ལྡོག་སྒྲིག རིམ་པ་བཞིན“ཨང་ཀི་སུབ་པ”བཅས་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་གཟི་ཉམས་ཐོག་ནས་ལྟ་ཞིབ་ནན་པོ་དང་ཁྲིམས་ལྟར་ལྟ་ཞིབ་མཐའ་འཁྱོངས་ཀྱིས་ནན་པའི་དགོངས་གཞི་དང་། ནན་པའི་བྱ་ཐབས། ནན་པའི་ཁོར་ཡུག་བཅས་ལ་བརྟེན་ནས་དཔེ་མཚོན་གྱི་གྱོད་གཞི་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ་ཟིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་ཀྱི་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས། ངེས་པར་དུ་སྲིད་ཇུས་ཀྱི་འཚམ་མཐུན་རང་བཞིན་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་ཕན་འབྲས་སྔར་བས་ཡག་པོ་ཐོན་པར་བྱེད་དགོས་ཏེ། གཅིག་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་དང་སྔོན་དཔག་བརྟན་པོ་ཡོང་བར་བྱེད་དགོས་ཤིང་། མི་དང་ལས་གནས་ལ་གཞིགས་ནས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་སྲིད་ཇུས་གསལ་འགྲེལ་བྱེད་པ། སློབ་གྲྭ་དང་ཁེ་ལས་སུ་སྲིད་ཇུས་ཁྱབ་གདལ་གཏོང་བ་བཅས་བྱས་ནས་དྲིལ་བསྒྲགས་ཀྱི་ཁྱབ་ཁྱོན་མུ་མཐུད་ཆེ་རུ་བཏང་སྟེ་ལས་ཞུགས་བརྟན་པོ་ཡོང་བར་བརྟེན་ནས་སྔོན་དཔག་བརྟན་པོ་དང་། ཡིད་ཆེས་བརྟན་པོ། དཔལ་འབྱོར་བརྟན་པོ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་དོན་འཁྱོལ་ལ་ཤུགས་སྣོན་དང་དོན་འཁྱོལ་ལ་འགན་ལེན་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་ཡོང་བ་དང་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་བཀོད་གཏོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་དམིགས་ཚད་ལས་འགན་གཞིར་བཟུང“དུས་ཚོད་དང་ལས་འགན་ཁ་གསལ”བཟོས་ནས་སྲིད་ཇུས་དོན་འཁྱོལ་སྟབས་བདེ་ལ་མྱུར་པོ་དང་ལོངས་སྤྱོད་བྱེད་དགོས་རིགས་མཐའ་དག་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཀྱི་མ་དངུལ་དང་རྣམ་གྲངས་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་ཇུས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ལས་ཕྱོད་ཆེ་རུ་གཏོང་དགོས། གསུམ་ནས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ཕན་འབྲས་ཆེ་རུ་བཏང་སྟེ་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་དང་མ་དངུལ་སྤྲོད་པའི་གཏོང་ཡོང་གི་སྒོ་བརྟན་པོར་སྲུང་བ་དང་འགན་དངུལ་ཁ་བསླུས་རྒྱག་པ་དང་ཁ་གསབ་གཡོ་ལེན་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱས་ཏེ་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས།

    ཚོགས་འདུའི་ཐོག་གསུངས་དོན། སྒྱུར་བཅོས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་བྱེད་པར་སྲིད་གཞུང་གི་སྒྲིག་སྲོལ་ལ་བཟོ་བཅོས་རྒྱག་པ་ནི་ཁྲིམས་ལྟར་སྲིད་འཛིན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།

    ཚོགས་འདུའི་ཐོག་གསུངས་དོན། ཀྲུང་གོའི(ལྷ་ས)རྒྱལ་མཚམས་ལས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་རྒྱུ་ནི་ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་གསར་པ་སྐྱེད་སྲིང་དང་ཕྱི་ཕྱོགས་ཚོང་དོན་གྱི་ལས་སྟེགས་གསར་པ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཕྱོགས་བསྡུས་ཚོད་ལྟ་ཁུལ་དེ་འཕེལ་ཕྱོགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱིས་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་བྱས་ནས་སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གྲངས་འཛིན་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་སོགས་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།