དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་རང་གནས་སའི་ཏང་ཀྲི་པུའུ་ཡི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-12

    ཚེས་9ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་དྲུང་ཡིག་ཁྲུའུ་བཅུ་པའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ཏེ་བོད་ཀྱི་ལས་དོན་ཨུ་ལྷན་གྱི་གནས་རྙིང་སོགས་གསར་བརྗེའི་གནའ་ཤུལ་ལ་ལྟ་སྐོར་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་དང་མི་སེམས་འགུལ་བའི་བྱས་རྗེས་གསན་པ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་དང་འབྲེལ་ཚང་མ་དང་མྱོང་ཚོར་གླེང་རེས་ཀྱང་གནང་བ་རེད།

    ཝུའེ་ཤིའུ་ཁྲང་གིས་ཀྲི་པུའི་ཏང་ཡོན་གྱིས་ཏང་འཛུགས་ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ་ས་མཐོར་ལེགས་སྐྱེས་འབུལ་བ་དང་། བོད་འཛུགས་སྐྲུན་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མཐའ་ཚད་བརྟན་པོ་སྲུང་བ་དང་དམར་ཐིག་ལས་མི་འགལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།