དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-12

    ཟླ་8ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་གི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལས་ཤག་གི་ནང་ངོས་བཀོད་པ་དང་སྒྲིག་ཆས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

     ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ལའེ་ཅའོ་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་གྱི་ལས་ཡུལ་དུ་ཨར་པོ་བས་གོ་རིམ་ལྡན་པ་དང་ཚ་ཚ་འུར་འུར་ངང་མཇུག་བསྡུའི་ལས་དོན་སྤེལ་བཞིན་ཡོད། ཝང་ཅུན་ཀྲེང་གིས་སྡེ་ལས་དང་། ཟ་ཁང་། སྒོ་རྩིས་ཚོང་ཁང་། སྔོ་འགྱུར་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནན་ཏན་ངང་གཟིགས་ཞིབ་གནང་བ་མ་ཟད། ལས་ཤག་གི་ནང་ངོས་བཀོད་པ་དང་སྒྲིག་ཆས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་། འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་བསྟུན་པ། མཉམ་ལས་ཤུགས་ཆེན། དོ་དམ་ལ་ཤུགས་སྣོན། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པ་ནི་བོད་ཀྱི་ལས་བྱེད་པའི་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པར་ཧ་ཅང་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་ཆབ་སྲིད་ཀྱི་ཐད་ཡིད་ཆེས་གང་ལེགས་དང་། ལས་ཀའི་ཐད་རྒྱབ་སྐྱོར་ཤུགས་ཆེན། ཐོབ་ཐང་གི་ཐད་ཕྱོགས་ཡོངས་ནས་འགན་ལེན། འཚོ་བའི་ཐད་སེམས་རྩ་འཁོལ་པོས་སེམས་ཁུར། དོ་དམ་གྱི་ཐད་བླང་བྱ་ནན་པོ་འདོན་པ་བཅས་མཐའ་འཁྱོངས་བྱས་པ་མ་ཟད། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་ཇུས་འགོད་དང་སྐུལ་འདེད་བཏང་ནས་བོད་སྐྱོར་ལས་བྱེད་པས་ནུས་པ་གང་ལེགས་འདོན་ཆེད་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ཏེ་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། བོད་སྐྱོར་ལས་བྱེད་པའི་ལས་ཤག་སྐྲུན་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་འདུ་འགོད་གལ་ཆེན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་དང་བཀོལ་སྤྱོད་བདག་སྐྱོང་ལ་དོ་དམ་ཡག་པོ་བྱས་ཏེ་ལྗང་མདོག་གི་ལས་གྲྭ་དང་། སྤུས་དག་གི་ལས་གྲྭ བདེ་འཇགས་ཀྱི་ལས་གྲྭ དཔེ་སྟོན་གྱི་ལས་གྲྭ སྤྱོད་གཙང་གི་ལས་གྲྭ་བཅས་ཏན་ཏིག་སྐྲུན་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་གྱི་ལྟ་འདོམས་དོ་དམ་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། ལས་གྲྭ་འཛུགས་སྐྲུན་གྱི་བདེ་འཇགས་ཀྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོར་སྲུང་བ། ལྷན་སྦྱར་སྒྲིག་བཀོད་དང་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་བདེ་འཇགས་དང་། སྤུས་ལེགས། ཕན་ཆེ་བཅས་འགན་ལེན་བྱེད་དགོས། འདུ་ཤེས་གསར་བརྗེས་བྱས་ནས་ཆ་འཕྲིན་ལག་རྩལ་གྱི་བྱེད་ཐབས་གང་ལེགས་སྤྱོད་པ་དང་། ཐོན་ཁུངས་བསྡུ་སྒྲིལ། རིག་ལྡན་ཁུལ་ཆུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྡེ་ཁུལ་བཅོས་སྐྱོང་གི་ཞབས་འདེགས་རིག་ལྡན་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བོད་སྐྱོར་གྱི་སྙིང་སྟོབས་ལག་བསྟར། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།