དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ན་གཞོན་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས་ནན་བཤད་གནང་དོན།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་འགན་ཐེག་པ་འཁུར་ལེན་ཕོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-11

     ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ན་གཞོན་ལས་བྱེད་པ་དང་བཞུགས་མོལ་གནང་བ་རེད། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས “དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་འགན་ཐེག་པ་འཁུར་ལེན་ཕོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ལའེ་ཅའོ་དང་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་གཙོ་འགན་གཙོ་ལས་དང་ཟུང་འབྲེལ་བྱས་ནས་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། མྱོང་ཚོར་ལྷུག་པོར་གླེང་བ། བསམ་འཆར་དང་གྲོས་འགོ་བཏོན་པ་བཅས་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་ནན་ཏན་ངང་གསན་བཞིན་ཚང་མ་དང་སྤེལ་རེས་ཡང་ཡང་གནང་བས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་མཁན་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་སྒྲིག་ཁྲིམས་སྒྲིག་ལམ་ནན་པོ་སྲུང་བ་དང་། རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་འདོན་པ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དར་སྤེལ་བཏང་བ་རྣམས་དང་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པ་རྣམས་བཀའ་བཞིན་མཐའ་གཅིག་ཏུ་སྒྲུབ་པ། ཏང་ཀྲུང་དབྱང་གིས་བཀག་སྡོམ་བྱས་པ་རྣམས་མཐའ་གཅིག་ཏུ་ལག་བསྟར་མི་བྱེད་པ་བཅས་བྱེད་དགོས།

    རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ལས་སྒོ་བྱང་ཆུབ་པ་དང་། རིགས་པའི་གཞུང་ལུགས་ལ་མཁས་པ་མ་ཟད་ཆེད་ལས་བྱང་ཆུབ་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས། སློབ་སྦྱོང་ལ་མཐོང་ཆེན་དང་། སློབ་ལ་བརྩོན་པ། སློབ་སྦྱོང་བྱེད་མཁས་པ་བཅས་བྱས་ཏེ། ལས་ཀ་གང་ཞིག་བསྒྲུབས་ཚེ་དེར་དགའ་ཞེན་དང་འབད་བརྩོན་བྱས་ནས། ལས་རིགས་དེ་དང་ཁྱབ་ཁོངས་དེ་ལ་མཁས་པར་འགྱུར་བར་བྱེད་པ་དང་། རིགས་པའི་གཞུང་ལུགས་མཁས་ཤིང་ཆེད་ལས་བྱང་ཆུབ་པའི་ལས་བྱེད་པ་ཞིག་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་ཇུས་འགོད་ཀྱི་བསམ་ཕྱོགས་དང་། སྐུལ་འདེད་གཏོང་བའི་བྱེད་ཐབས། སྣེ་ཁྲིད་ཀྱི་འཇོན་ཐང་བཅས་སུ་དངོས་སུ་འགྱུར་བར་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། དམིགས་ཡུལ་ལག་བསྟར་དང་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས། མི་དམངས་ཀྱི་བརྩེ་སེམས་བརྟན་པོ་སྲུང་བ། དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་དོན་གྱི་བྱས་རྗེས་གལ་ཆེ་ཤོས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས།

    བདེན་འཚོལ་དངོས་སྒྲུབ་མཐའ་འཁྱོངས་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁུར་ཕོད་པ་དང་འགན་འཁུར་མཁས་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། རིག་པ་བསྒྲིམས་ཏེ་འགན་ཡག་པོ་འཁུར་བ་དང་རང་འགན་ནན་སྒྲུབ་ཀྱིས་སེམས་ནུས་ཡོད་ཚད་ལས་སྒྲུབ་ལས་གཏོད་དང་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པའི་ཐོག་བཏོན་ནས་རང་འཁྲིའི་ལས་ཀ་ཏན་ཏིག་སྒྲུབ་དགོས། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་ཕོད་པར་བྱས་ནས་འགན་འཁུར་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། འགན་འཁུར་གྱི་ནུས་པ་ཆེ་རུ་གཏོང་བ། འགན་འཁུར་གྱི་ཕན་འབྲས་བརྩོན་ལེན་ལ་སྣང་ཆེན་བཅས་བྱས་ཏེ་གོ་སྐབས་ཀྱི་མདུན་དུ་རང་འགུལ་ངང་ཤོར་ཕོད་པ་དང་། དཀའ་ངལ་གྱི་མདུན་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། ཉེན་ཁའི་མདུན་དུ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱས་ནས་ཏང་གི་ཆེད་དུ་དཀའ་ངལ་མཉམ་འཁུར་དང་ཏང་གི་ཆེད་དུ་འགན་འཁྲི་ཏན་ཏིག་འཁུར་ཐུབ་པ་བྱེད་དགོས།

    བསམ་བློའི་འགོག་རགས་བརྟན་དུ་གཏོང་བ་དང་སྤྱོད་གཙང་གི་མཐའ་ཚད་བསྲུངས་ནས་སྤྱོད་ཚུལ་བཟང་བ་དང་སྤྱོད་གཙང་གཞུང་དྲང་གི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས། རང་ཚུགས་ཟིན་པ་དང་། ཀུན་སྤྱོད་གཙང་བ། འཇོན་ཐང་ཆེ་བ་བཅས་ཏན་ཏིག་ཡོང་བར་བྱེད་དགོས། དབང་ཆ་དྲང་གཞག་སྤྱོད་པ་དང་རང་རྟོགས་ངང་ལྟ་སྐུལ་དང་ལེན་མཐའ་འཁྱོངས་བྱས་ནས་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། བཅའ་ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འགན་འཁྲི་ལྕི་པོ་འཁུར་ཐུབ་པ་དང་ལས་འགན་ལྕི་པོ་སྒྲུབ་ཐུབ་མཁན་ཕུལ་བྱུང་ལས་བྱེད་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་དང་སྐུལ་མ་གཏོང་བ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། འདེམས་སྒྲུག གསོ་སྐྱོང་བཅས་མཁས་པོ་བྱས་ནས་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་བྱེད་པ་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པ་དང་ཞུགས་རྒྱུ་ཡོད་ལ་དོན་རྒྱུ་ཡང་ཡོད་པར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་ལ་བརྩི་མཐོང་དང་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་བའི་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།