དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་དྲུག་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་དགུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཟླ་8ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་དྲུག་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་དགུ་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་དང་། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་དག་ཐེར་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་པ་དང་། གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ལས་དོན་གྱི་འགན་འཁུར་བའི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་གཞུང་དོན་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་དུས་མཚམས་གོང་མའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་རྗེས། ཁོང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོའི་དག་ཐེར་དང་བཅོས་སྒྲིག་གི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་བྱ་ཆེད་ཡིན་པས། ངེས་པར་དུ་གནད་དོན་ལ་དམིགས་ནས་དཀའ་གནད་སེལ་བའི་ཐད་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ་དང་། བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་དག་ཐེར་བཅོས་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། རིགས་དབྱེ་དག་ཐེར་དང་། གལ་ཆེ་ཆུང་དང་དལ་མྱུར་དབྱེ་བ། མྱུར་ཚད་ལ་སྟངས་འཛིན་བཅས་མཐའ་འཁྱོངས་ཀྱིས་ལས་དོན་ཁག་ལ་བསྐྱར་དུ་གསེད་བཀྲོལ་དང་དབྱེ་ཞིབ་བྱེད་པ་དང་། བཀོད་སྒྲིག་བྱས་ཟིན་པའི་རིགས་ལ་མུ་མཐུད་རྗེས་འདེད་དོན་འཁྱོལ་དང་། ཆད་ཁོངས་ཡོད་ཚེ་དུས་ཐོག་ཏུ་བསྐྱར་དུ་ཁ་གསབ་བཅས་བྱེད་དགོས། དག་ཐེར་བཅོས་སྒྲིག་གི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ནས་དག་ཐེར་བྱས་རིགས་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་དག་ཐེར་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། ལས་ཁུངས་ཕན་ཚུན་མཉམ་ལས་ལ་སྣང་ཆེན་དང་སྔ་ཕྱི་འབྲེལ་མཐུད་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དག་ཐེར་བཅོས་སྒྲིག་གི་དཀའ་གནད་སེལ་དགོས།

    ཀྲོང་ཡན་གྱིས་བླང་བྱ་བཏོན་གནང་དོན། སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་མཛུབ་ཁྲིད་ཚན་པ་དང་མཉམ་དུ་ཤུགས་འདོན་པ་དང་དྲི་བ་གཅིག་ལ་མཉམ་དུ་ལན་བཏབ་ནས་ཞིབ་བཤེར་གྱི་འགག་སྒོ་ནན་པོ་བསྲུངས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གཟབ་ནན་རང་བཞིན་དང་དངོས་ཕན་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཏན་འབེབས་ཀྱི་བྱ་སྤྱོད་མི་འགྱུར་བ་དང་། ཆད་ཁོངས་མེད་པ། བཟོ་ལྟ་མི་བསྒྱུར་བ་བཅས་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་འགྱུར་ཏན་ཏིག་ཐུབ་པར་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་བྱ་གཞག་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་། བྱེད་ཐབས། སྲིད་ཇུས་དང་བྱེད་ཐབས་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པ། དངོས་སྒྲུབ་སྤྱོད་གོ་ཆོད་པའི་ཕུགས་ཕན་གྱི་ལམ་སྲོལ་བཙུགས་ནས་ལམ་ལུགས་ལ་བརྟེན་ཏེ་རྩ་བ་དང་ཕུགས་ལ་ཕན་པའི་ནུས་པ་གང་ལེགས་འདོན་དགོས།

    ཀྲོང་ཡན་གྱིས་བླང་བྱ་བཏོན་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་དང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྔ་སྣུར་དུ་ཐེ་ཞུགས་དང་། བརྒྱུད་རིམ་ཧྲིལ་པོར་ཐེ་ཞུགས། གནད་འགག་དམ་འཛིན་ནན་པོ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་ཐུབ་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཕྱོགས་སྡོམ་དཔྱད་དཔོག་གི་ལས་དོན་ཡག་པོ་བསྒྲུབས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྔ་སྣུར་དུ་འཆར་འགོད་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་ཀའི་དབར་འབྲེལ་མཐུད་ཡག་པོ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།