དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་འཚོགས་པ།

    ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    ཧོའེ་ཅིང་ཕུང་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གནས་ཚུལ་ངོ་སྤྲོད་གནང་བ། སུན་ཡའོ་ཡིས་གཙོ་སྐྱོང་གནང་བ། ཀྲོང་ཡན་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-09

    ཟླ་8ཚེས་7ཉིན། སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ནས་སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིང་ཕུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་7ཉིན། སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིང་ཕུང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སློབ་གསོའི་བོད་སྐྱོར་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། སློབ་གསོ་པུའི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་སུན་ཡའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཟླ་བ་ཚེ་རིང་། ལང་ཧྥུའུ་ཁོན། ཏུའུ་ཅན་ཀུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཤིང་། ཚོགས་འདུ་མ་འཚོག་གོང་། སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    ཧོའེ་ཅིང་ཕུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཚུན། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། མཐོ་སློབ་བཅས་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། བོད་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ་དང་། སློབ་གཉེར་ཆ་རྐྱེན་དང་སློབ་གསོའི་སྤུས་ཚད་དུས་གཅིག་ཏུ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། སློབ་གཉེར་གྱི་འདུ་ཤེས་དང་། སློབ་གཉེར་གྱི་ནུས་པ། དགེ་རྒན་དཔུང་ཁག་གི་ཆུ་ཚད། མི་སྣ་གསོ་སྐྱོང་གི་ཕན་འབྲས་བཅས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་བྱས་པར་བརྟེན། སློབ་གསོའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་སློབ་གསོའི་བོད་སྐྱོར་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གལ་ཆེན་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་མ་གཏོང་བའི་རྨང་གཞིའི་འདུ་འགོད། བོད་ཡུན་རིང་བདེ་འཁོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དེ་བས་ཡག་པོ་བྱེད་པའི་རྨང་གཞི་གལ་ཆེན། བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་བཅས་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱས་ནས་སྤུས་ཚད་མཐོ་པོས་སློབ་གསོའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ལས་ཀའི་གཙོ་རྐང་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་མཐའ་འཁྱོངས་བྱེད་པ། བོད་ཀྱི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་དགོས། གཉིས་ནས་བོད་ཀྱིས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་བསྐྲུན་པར་རམ་འདེགས་བྱས་ནས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་བ་དང་། ཀུན་ཕན་དང་སྤུས་ལེགས་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ཏེ་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། གསུམ་ནས་བོད་ཀྱི་སློབ་གསོ་བརྒྱུད་རིམ་རང་བཞིན་གྱི་མཆོང་སྐྱོད་དང་གཙོ་གནད་ཚད་བརྒལ་ཡོང་བར་སྐུལ་འདེད་བཏང་སྟེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་རོགས་རམ་བྱས་ནས་སློབ་གསོ་གྲངས་འཛིན་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོ་པོས་ཁྱབ་གདལ་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་བོད་སྐྱོར་སློབ་གསོའི་ཤེས་ལྡན་མི་སྣ་འདེམས་གཏོང་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ལས་ཐོག་དགེ་རྒན་གནས་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་དང་དགེ་རྒན་གྱི་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་གྱི་ཐོབ་ཐང་བརྟན་དུ་གཏོང་དགོས། ལྔ་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་སློབ་གསོའི་མ་ལག་གི་བདེ་འཇགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་འགོ་འཛུགས་ས་གསར་པ་དང་རྒྱང་ལམ་གསར་པར། བོད་ཀྱི་སློབ་གསོའི་བྱ་གཞག་གིས་འཁུར་བའི་ལས་འགན་དེ་བས་གལ་འགངས་ཆེ་ལ། འཕེལ་རྒྱས་ལ་དེ་བས་ཕན་པའི་གོ་སྐབས་འཕྲད་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་མཐའ་འཁྱོངས། སློབ་གསོའི་ལྗོངས་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་ཆེད་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་ཡག་པོ་དང་། ཤུལ་འཛིན་པ་ཡོད་པའི་རྩ་བའི་ཇུས་ཆེན་དམ་འཛིན་ཡག་པོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་དགེ་སློབ་ཀྱི“མོས་སེམས་ལྔ”ཟབ་ཏུ་གཏོང་དགོས། སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་སློབ་གསོའི་སྤུས་ཚད་མཐོ་གཏོང་ཕྱོགས་སྟོན་དུ་བྱེད་པའི་དོ་དམ་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ལས་རིགས་སློབ་གསོ་ཕྱོགས་སྒྱུར་འཕེལ་རྒྱས་དང་མཐོ་རིམ་སློབ་གསོའི་ནང་ངོས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་བོད་ཀྱི་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས་དགེ་རྒན་གྱི་དཔུང་ཁག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་ཀུན་སྤྱོད་བཟང་བ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ལྡན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་སྐྲུན་དགོས། དུས་བདེའི་སློབ་གྲྭ་བསྐྲུན་པར་ཤུགས་སྣོན་བརྒྱབ་ནས་དགེ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་ཀྱི་ཕུགས་ཕན་ལམ་སྲོལ་ཟབ་ཏུ་བཏང་ནས་བདེ་འཇགས་དང་ཞི་མཐུན་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཐད་ཡིད་ཆེས་དང་། ལས་ཀའི་ཐད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར། འཚོ་བའི་ཐད་ཚད་མཐོའི་ཐུགས་ཁུར་བཅས་བྱས་ཏེ་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ལས་ཀ་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་ནས་ཁོང་ཚོས་བློ་གཅིག་སེམས་གཅིག་དང་ནུས་ཤུགས་ཡོད་རྒུས་སློབ་གསོའི་བོད་སྐྱོར་གྱི་ལས་འགན་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱས་ཏེ་བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཚོགས་འདུར་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་ཞུ་མཁན་ཕྱོགས་གཉིས་པོའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཚེས་6ཉིན་སློབ་གསོ་པུས་ལྷ་སར་སློབ་གསོའི་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མིས་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཞུས་པ་རེད།

    བོད་དུ་བཞུགས་རིང་། ཧོའེ་ཅིང་ཕུང་དང་བཅས་པས་སློབ་གསོ་པུའི་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།