དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་དག་ཐེར་བཅོས་སྒྲིག་ལ་ཚད་གཞི་མཐོ་པོས་དམ་འཛིན་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-08

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཤིང་། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། གཙོ་གནད་ལས་འགན་སྤུས་ཚད་མཐོ་པོས་དོན་འཁྱོལ། དག་ཐེར་བཅོས་སྒྲིག་ལ་ཚད་གཞི་མཐོ་པོས་དམ་འཛིན་ཡག་པོ་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་མཛུབ་ཁྲིད་ནུས་ལྡན་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་བྱེད་ཀྱིན་དུ་ཞིབ་བཤེར་དང་དག་ཐེར་མཐའ་འཁྱོངས་ཀྱིས་དག་ཐེར་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆེད་དོན་དག་ཐེར་བཅོས་སྒྲིག་ལས་དོན་སྤེལ་བ་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་པས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་ཀའི་འཇོན་ཐང་མཐོ་རུ་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། དག་ཐེར་བཅོས་སྒྲིག་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་མཐའ་འཁྱོངས་ཀྱིས་ཤུགས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ངོ་མ་ཐོན་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཇིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ལ་དམིགས་ནས་སྐྱོད་པ་དང་། གནད་དོན་ལ་དམིགས་ནས་དག་ཐེར་བྱེད་པ།དཀའ་གནད་སེལ་བའི་ཐད་བྱ་དངོས་ཀྱི་ངོ་བོ་ཤེས་པ་དང་ཕན་འབྲས་ངོ་མ་ཐོན་པ་བཅས་བྱས་ནས་དག་ཐེར་བཅོས་སྒྲིག་སྐྱོན་བྲལ་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་དག་ཐེར་བཅོས་སྒྲིག་རྒྱུན་མཐུད་ཡག་པོ་བྱས་ཏེ། མཐའ་དག་དོན་དངོས་ནས་འགོ་འཛུགས་པ་དང་འཛེམ་མེད་དམར་འདོན་བྱེད་ཕོད་པ་མཐའ་འཁྱོངས་དང་། གནད་དོན་གང་ཞིག་ཡོད་ཚེ་དེ་ཐག་གཅོད་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་ཚེ་དེ་གཙོ་གནད་དུ་ཐག་གཅོད་མཐའ་འཁྱོངས། འབེན་ཁ་ལག་བསྟར་དང་། རིགས་དབྱེ་ཇུས་འདོན། མཇུག་འདེད་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས“གནད་དོན་གྱི་གསལ་ཐོ” “གྲུབ་འབྲས་ཀྱི་གསལ་ཐོར”ཏན་ཏིག་བསྒྱུར་དགོས། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྤུས་ཚད་མཐོ་པོས་ཡག་པོ་འཚོགས་ནས། དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་དུ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན། འགོ་ཁྲིད་ཚན་ཁག་གི་རང་ངོས་སྟོབས་ཤུགས་ལ་བརྟེན་ནས་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་དང་ངེས་གནས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས། ཧེ་བག་དང་མི་འདང་སར་ལྟ་ཞིབ་དང་། ཏང་གཤིས་ལ་དབྱེ་ཞིབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་དཔྱད་དཔོག་གི་ལས་དོན་ཡག་པོ་ནན་ཏན་བསྒྲུབས་ཏེ། མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ་གཞི་རྩའི་ཤན་འབྱེད་ཚད་གཞིར་བརྩི་བ་དང་། དོན་དངོས་སྤྱད་དེ་སྐད་ཆ་ཤོད་པ། འགོ་ཚུགས་མ་ཐག་དཔྱད་དཔོག་ལ་དམ་འཛིན། མང་ཚོགས་ལ་གདེང་འཇོག་བྱེད་དུ་འཇུག་པ། གོ་རིམ་ལ་གདེང་འཇོག་བྱེད་པ་མཇུག་འབྲས་ལ་དཔྱད་དཔོག་དང་གྲངས་ཚད་གཏན་འཁེལ་ལ་དབྱེ་ཞིབ་བྱེད་པ་ངོ་བོ་གཏན་འཁེལ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་ཟུང་འབྲེལ་གྱིས་དཔྱད་དཔོག་བྱེད་རིམ་གྲུབ་འབྲས་ལ་རྩིས་བཤེར་བྱས་འབྲས་དང་། བྱེད་སྟངས་དང་ཉམས་མྱོང་ཕྱོགས་སྡོམ། གནད་དོན་གྱི་ཡོ་ཁྱད་ཡོ་བསྲང་བཅས་ཀྱི་བྱེད་རིམ་ལ་བསྒྱུར་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་འགོ་མཇུག་ཡོད་པ་དང་། འགོ་མཇུག་གཟབ་འཁྱོངས། ཕན་འབྲས་དོན་གཉེར་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།