དབུ་ཤོག>སྲིད་དོན།
  • ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-05

    ཚེས་3ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གནད་དོན་དག་ཐེར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁོངས་གཏོགས་ཡོངས་ཀྱི་ཚན་པ་9ཡི་འབྲེལ་ཡོད་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། གོམ་སྟབས་རྗེས་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ཏེ། དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་སྤུས་ཚད་མཐོ་པོས་ཚན་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་དགོས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”བརྩི་སྲུང་དང་ཞབས་འདེགས་ཞུ་བའི་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ། དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་ཞན་ཆ་དང་མི་འདང་སར་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་རིག་གནས་དམངས་ཕན་ཞབས་འདེགས་སོགས་ཀྱི་དཀའ་གནད་སེལ་དགོས། དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་དམིགས་ཏེ་དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས། བརྟག་ཞིབ་ཀྱི་གྲུབ་འབྲས་བསྒྱུར་ནས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་ལམ་ལུགས་དང་ལས་དོན་གྱི་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དམིགས་ཏེ་དག་ཐེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ་ཏང་ཡོན་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ལ་ཞིབ་བཤེར་བྱེད་དགོས། བརྒྱུད་རིམ་གྱི་ལྟ་བ་ཟབ་ཏུ་བཏང་སྟེ་གནད་དོན་གྱི་གསལ་ཐོ་དང་ཞིབ་བསྡུར་བྱས་ནས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་དོན་ཁག་གི་དོན་འཁྱོལ་ལ་སྤྱི་འདོམས་ཀྱིས་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་རིགས་དབྱེ་དག་ཐེར་དང་། གལ་ཆེ་ཆུང་དང་ཛ་དྲག་ཆེ་ཆུང་དབྱེ་འབྱེད། རྩ་ལག་མཉམ་བཅོས་ལ་སྐུལ་འདེད། དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བཅས་བྱས་ཏེ་དག་ཐེར་བཅོས་སྒྲིག་གི་ཕན་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དངོས་ལ་ཞིབ་དཔྱད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།