དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

    རྩིས་བཤེར་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-05

    ཟླ་8ཚེས་3ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་མ་ཟད། འབྲེལ་ཡོད་རྩིས་བཤེར་སྙན་ཞུར་གྲོས་ཞིབ་དང་། རྩིས་བཤེར་བཅོས་སྒྲིག་གི་ལས་དོན་སྙན་སེང་གསན་པ། གཙོ་གནད་ལས་འགན་ཞིབ་འཇུག་བཀོད་སྒྲིག་བཅས་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་3ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་དང་སློབ་སྦྱོང་བྱས་པ་སྦྲགས། འབྲེལ་ཡོད་རྩིས་བཤེར་སྙན་ཞུར་གྲོས་ཞིབ་དང་། རྩིས་བཤེར་བཅོས་སྒྲིག་ལས་དོན་གྱི་སྙན་སེང་གསན་པ། གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་མ་ཟད། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྩིས་བཤེར་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཝང་ཝེའུ་ཏུང་། ཟླ་བ་ཚེ་རིང་། རྒྱན་མཚན། ལང་ཧྥུའུ་ཁོན་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་རྩིས་བཤེར་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཁྲིམས་ལྟར་རྩིས་བཤེར་བྱེད་པ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས། ཕྱོགས་ཡོངས་ལ་ཁྱབ་པ་མཐའ་འཁྱོངས། སྤུས་ཚད་མཐོ་པོས་སྒྲུབ་པ་བཅས་བྱས་ཏེ། རྩིས་བཤེར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་དམིགས་ནས་རྩིས་བཤེར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས། བརྟན་ལྷིང་སྲུང་སྐྱོང་གི་རྣམ་གྲངས་དང་འབྲེལ་བའི་མ་དངུལ་སྤྱོད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དགོན་སྡེའི་ནོར་ཁྲལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་ཆེ་རིགས་འགོག་ཟོན་དང་ཐག་གཅོད་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་དམིགས་ནས་རྩིས་བཤེར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གཏོང་སྤྲོད་མ་དངུལ་དང་ཆེད་སྤྱོད་མ་དངུལ་གཞན་སྒྱུར་བྱེད་ཚད་མགྱོགས་སུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སོགས་ལ་རྩིས་བཤེར་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་དམིགས་ནས་རྩིས་བཤེར་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་མ་རྩ་དང་། རྣམ་གྲངས། འབྲེལ་ཡོད་སྲིད་ཇུས་བཅས་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བྱེད་པར་ཤུགས་སྣོན་རྒྱག་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་བསྐྲུན་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་དམིགས་ནས་རྩིས་བཤེར་བྱེད་པ་དང་། མཐའ་བརྟན་དང་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ཆེད་སྤྱོད་མ་དངུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་སྤྱོད་མ་དངུལ་བགོ་འགྲེམས་དོ་དམ་བེད་སྤྱོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་དུ་རྩིས་བཤེར་བྱེད་པ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་བསྟར་དང་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་དམིགས་ནས་རྩིས་བཤེར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་པ། དམངས་འཚོའི་མ་དངུལ་བགོ་བཤའ་དང་སྤྱོད་པའི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ།  ལས་ཞུགས་ལས་གཏོད་དང་། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། གྲོང་གསེབ་དར་རྒྱས་སོགས་དམངས་འཚོའི་རྩིས་བཤེར་ལས་དོན་མུ་མཐུད་སྤེལ་བ་བཅས་བྱས་ཏེ་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་རྩིས་བཤེར་དང་། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞིགས་ཏེ་མ་དངུལ་དང་རྣམ་གྲངས་ཐོག་ནས་དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་བྱེད། དཔལ་འབྱོར་གྱི་གནད་དོན་དང་དཔལ་འབྱོར་གྱི་འགན་འཁྲི་ཞིབ་བཤེར་དང་ཆབ་སྲིད་ཀྱི་གནད་དོན་དང་ཆབ་སྲིད་ཀྱི་འགན་འཁྲི་མཚོན་པར་བྱས་ནས་ཞིབ་བཤེར་བྱེད་དགོས་རིགས་ཞིབ་བཤེར་དང་། ཞིབ་བཤེར་བྱས་ཕྱིན་ངེས་པར་དུ་ནན་པོ། འགན་འཁྲི་བདའ་འདེད་ནན་པོ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩིས་བཤེར་བཅོས་སྒྲིག་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཏེ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་ཏན་ཏིག་བྱེད་པ་དང་། རྩིས་བཤེར་བཅོས་སྒྲིག་ལ་ལྟ་སྐུལ་བྱ་རྒྱུ་དེ་རྒྱུན་གཏན་ལྟ་སྐུལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ། རྩིས་བཤེར་བྱས་འབྲས་དེ་ལས་བྱེད་པར་དཔྱད་ཞིབ་དང་། བསྐོ་འཐེན། བྱ་དགའ་ཆད་གཅོད་བཅས་ཀྱི་དཔྱད་གཞི་གལ་ཆེན་དུ་བརྩི་བ། བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། བཅོས་སྒྲིག་བྱེད་ཐབས་དང་། བཅོས་སྒྲིག་གི་དུས་བཅད། དམིགས་ཚད་བླང་བྱ་བཅས་ཁ་གསལ་བཟོ་བ་བཅས་བྱས་ནས་རྩིས་བཤེར་ལྟ་སྐུལ་བདེ་བླག་ངང་ལག་བསྟར་དང་། རྩིས་བཤེར་གྱི་གྲུབ་འབྲས་ཕན་ཆེར་སྤྱོད་པ། རྩིས་བཤེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་ཏང་གིས་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་གིས་རྩིས་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་ཞིབ་ཚགས་ཅན་དང་། ཏན་ཏིག་ཅན། ལམ་ལུགས་ཅན་བཅས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱིས་རྩིས་བཤེར་གྱི་གཙོ་གནད་ལ་དམིགས་པ་དང་། རྩིས་བཤེར་གྱི་ཐོན་ཁུངས་སྤྱི་འདོམས་བྱེད་པ། རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐིལ་རྟོགས་གསལ་པོ། ལམ་ལུགས་ཚད་ལྡན། གོ་རིམ་ནན་གཏོང་། སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ནས་རྩིས་བཤེར་ལས་དོན་གྱི་ཚན་རིག་རང་བཞིན་དང་། གནད་སྨིན་རང་བཞིན། ནུས་ལྡན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྩིས་བཤེར་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་བསྐྲུན་ནས་དུས་རབས་གསར་པའི་རྩིས་བཤེར་ལས་དོན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།