དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་རྨོ་ཞིང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྨོ་ཞིང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་། རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་དོན་འཁྱོལ། རྨོ་ཞིང“ཞིང་འདེབས་མིན་པ”དང“འབྲུ་འདེབས་མིན་པར”སྤྱོད་རིགས་བཀག་འགོག་བྱ་རྒྱུ་སོགས་ལ་དམིགས་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ནས། བོད་ཀྱི་རྨོ་ཞིང་གི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ལྟ་སྐུལ་ཡང་ཡང་བྱེད་རྒྱུར་གཞི་ཚུགས་ནས་རྨོ་ཞིང་གང་བྱུང་དུ་བཟུང་ནས་སྡོད་ཁང་རྒྱག་པའི་གནད་དོན་བཅོས་སྒྲིག་གི་ཆེད་དོན་ལྟ་སྐུལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྨོ་ཞིང་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་བཏང་ནས། རྨོ་ཞིང་སྲུང་སྐྱོང་གི་བཀའ་རྒྱ་ཡོད་ཀྱང་ལག་ལེན་མི་བསྟར་བ་དང་། བཀག་ཀྱང་མི་ཉན་པ། འགན་འཛོལ་བྱས་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཕུགས་ཕན་གྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཆད་གཅོད་དང་ཞིབ་བཤེར་ཐག་གཅོད་ཀྱི་ལས་དོན་དེ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་མཉམ་འདྲེས་ཡོང་བར་བྱས་ནས། རྨོ་ཞིང་གང་བྱུང་དུ་བཟུང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ། ལམ་ལུགས་ལམ་སྲོལ་གྱི་གཏིང་རིམ་གནད་དོན་དེ་བས་ཐག་གཅོད་བྱས་ནས། ཕུགས་ཕན་གྱི་རྨོ་ཞིང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།