དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་དབང་སྐྱོན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འགོ་ཚུགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་སྐྱོན་བྱ་གཞག་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་དབང་སྐྱོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཝང་ཅུན་ཀྲེང་དང་ཁྲེང་ཁའེ་ཡིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཀྲོང་ཡན་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    ཟླ་8ཚེས་1ཉིན། རང་སྐྱོང་ལྗོངས་དབང་སྐྱོན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

    ཟླ་8ཚེས་1ཉིན། རང་སྐྱོང་ལྗོངས་དབང་སྐྱོན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ལྷ་སར་འཚོགས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་8ཚེས་1ཉིན་རང་སྐྱོང་ལྗོངས་དབང་སྐྱོན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དབང་སྐྱོན་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་དབང་སྐྱོན་ལས་དོན་བརྩེ་སེམས་ཟབ་མོས་ཡག་པོ་སྒྲུབ་པ་དང་བོད་ཀྱི་དབང་སྐྱོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་དབང་སྐྱོན་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། ལི་ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཁྲེང་ཁའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། དབྱི་ཧུང་ཤིང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལིའུ་པོ་ཁྲེང་། ཞུས་ཀྲི་ཐའོ། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དབང་སྐྱོན་དང་། དབང་སྐྱོན་གྱི་གཉེན་ཉེ་དང་གྲོགས་པོ། དབང་སྐྱོན་ལས་དོན་སྒྲུབ་མཁན་བཅས་དང་། དེ་བཞིན་དབང་སྐྱོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་དང་འབྲེལ་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་རོགས་རམ་གནང་མཁན་ཀྲུང་གོ་དབང་སྐྱོན་ལྷན་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། དབང་པོ་སྐྱོན་ཅན་གྱི་བདེ་རྩ་ཏན་ཏིག་ངང་ཟབ་ཏུ་གཏོང་བ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་དབང་སྐྱོན་བྱ་གཞག་དེ་བས་འཐུས་ཚང་དང་དེ་བས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དབང་སྐྱོན་བྱ་གཞག་འཕེལ་རྒྱས་དང་དབང་སྐྱོན་ལྷན་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར་བའི་དབང་སྐྱོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་རྒྱ་ཁྱབ་ཞུགས་པ། དབང་སྐྱོན་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབང་སྐྱོན་གྱི་འགན་སྲུང་དང་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས།སྤུས་ཚད་མཐོ་པོས་དབང་སྐྱོན་གྱི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དབང་སྐྱོན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ་དང་། དབང་སྐྱོན་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གཞི་རིམ་གྱི་དབང་སྐྱོན་ལ་རོགས་རམ་དང་དཀའ་ངལ་སེལ་བའི་ལས་དོན་ཏན་ཏིག་སྒྲུབ་པ། དམངས་འཚོའི་ཐ་སྐྱོང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དབང་སྐྱོན་གྱི་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་དབང་སྐྱོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་པོས་དབང་སྐྱོན་གྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པ་མཐའ་འཁྱོངས་བྱས་ཏེ་དབང་སྐྱོན་ལ་ལས་ཞུགས་ཀྱི་འདུ་ཤེས་ཧུར་ཐག་འཛུགས་པར་ཁྲིད་སྟོན་དང་། དབང་སྐྱོན་གྱི་ལེགས་ཆ་གང་ལེགས་འདོན་པ། དབང་སྐྱོན་ལ་རོགས་རམ་བྱེད་པའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་བསྐྲུན་པ། དམིགས་སའི་རང་བཞིན་གྱི་ལས་རིགས་གསོ་སྦྱོང་ཤུགས་ཆེན་བྱེད་པ། དབང་སྐྱོན་གྱི་ལས་ཞུགས་ལས་གཏོད་ཀྱི་སྤུས་རྟགས་དང་དབང་སྐྱོན་ལ་རོགས་རམ་བྱེད་པའི་ལས་ཞུགས་ཀྱི་དཔེ་སྟོན་རྟེན་གཞི་གཏོད་པ། ཕུགས་ཕན་གྱི་རོགས་སྐྱོར་ལམ་སྲོལ་འཛུགས་པ། སྒྲིག་འཛུགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱོད་པ་བཅས་བྱས་ཏེ་དབང་སྐྱོན་ལ་འབབ་འཕར་ཡོང་བར་བྱེད་དགོས། སྤུས་ཚད་མཐོ་པོས་དབང་སྐྱོན་ལ་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དབང་སྐྱོན་གྱི་ནད་རིགས་སྔོན་འགོག་དང་བདེ་ཐང་སླར་གསོར་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་པ་དང་། དབང་སྐྱོན་གྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། དབང་སྐྱོན་གྱི་གསོ་བཅོལ་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། གེགས་མེད་ཀྱི་ཁོར་ཡུག་བསྐྲུན་པར་ཤུགས་སྣོན་རྒྱག་པ། དབང་སྐྱོན་གྱི་རིག་གནས་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་དབང་སྐྱོན་གྱི་རྩལ་འགྲན་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་པོས་དབང་སྐྱོན་གྱི་འདྲ་མཉམ་དབང་ཆ་འགན་སྲུང་བྱས་ཏེ་དབང་སྐྱོན་གྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་པ་དང་། ཁྲིམས་བཀུར་དང་། ཁྲིམས་སྲུང་། ཁྲིམས་སྦྱོང་། ཁྲིམས་སྤྱོད་བཅས་ཀྱི་དབང་སྐྱོན་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ། དབང་སྐྱོན་གྱི་རང་སྟོབས་རང་དར་གྱི་མིག་དཔེ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དབང་སྐྱོན་ལ་རོགས་རམ་བྱེད་པའི་དཔེ་མཚོན་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ནས་དབང་སྐྱོན་གྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དབང་སྐྱོན་ལྷན་ཚོགས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་དབང་སྐྱོན་བྱ་གཞག་འཕེལ་རྒྱས་ཀྱི་ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ། སྲིད་ཇུས་སྤྱོད་པར་ཤུགས་སྣོན་རྒྱག་པ། སྦྲེལ་ཟམ་གྱི་ནུས་པ་ཡག་པོ་འདོན་པ། དབང་སྐྱོན་གྱི་ཁེ་དབང་སྲུང་སྐྱོང་བྱེད་མཁན་དང་། འཚོ་བའི་ལས་རོགས་ཡག་པོ། སྙིང་ཉེ་བ་ཡག་པོ་བཅས་བྱས་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་དོན་ཐད་འགན་འཁུར་ཕོད་པ། སྤྱོད་ཚུལ་ཐད་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ། རྩ་འཛུགས་ཐད་གསོན་ཤུགས་ལྡན་པ་བཅས་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་མ་ཟད། རྒྱ་ཆེའི་དབང་སྐྱོན་ཚོས་རང་བཀུར་རང་ཆེས་དང་རང་ཚུགས་རང་དར་བྱས་ནས་དབང་པོ་སྐྱོན་ཅན་ཡིན་ཡང་མི་ཚེ་འཛུམ་གྱིས་བསུ་མཁན་གྱི་སྤྲོ་སྣང་པ་ཞིག་དང་། སློབ་སྦྱོང་ལ་བརྩོན་ཞིང་རང་ཉིད་ཀྱི་ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་ཡར་བརྩོན་པ་ཞིག བློ་བརྟན་འགྱུར་མེད་དང་ལན་བརྒྱ་ཕམ་ཡང་དཔའ་མི་ཞུམ་པའི་དཔའ་ངར་ཅན་ཞིག འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པའི་འབད་འཐབ་པ་ཞིག་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མེ་ལྟར་ཚ་བའི་ལག་ལེན་ཁྲོད་དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་བའི་མི་ཚེ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཁྲེང་ཁའེ་ཡིས་གསུང་བཤད་གནང་སྐབས་ཀྲུང་གོ་དབང་སྐྱོན་ལྷན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དབང་པོ་སྐྱོན་ཅན་གཅེན་གཅུང་མིང་སྲིང་དང་དབང་པོ་སྐྱོན་ཅན་གྱི་ལས་དོན་པ་ཚོར་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས་བོད་ཀྱི་རིམ་ཁག་དབང་སྐྱོན་ལྷན་ཚོགས་ཀྱིས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཀའི་སྤྱི་ཡོངས་དང་བསྟུན་པ་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། མུ་མཐུད་སྒྱུར་བཅོས་གསར་གཏོད། སྦྲེལ་ཟམ་གྱི་ནུས་པ་ཡག་པོ་འདོན་པ། ལས་རིགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། ཐེག་པ་འཁུར་ལེན་ཕོད་པ་བཅས་བྱས་ནས་དབང་སྐྱོན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་ཀྲུང་གོ་དབང་སྐྱོན་ལྷན་ཚོགས་ཀྱིས་རྒྱལ་ཡོངས་དབང་སྐྱོན་ལྷན་ཚོགས་ཁོངས་གཏོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཐད་བོད་ཀྱི་རིམ་ཁག་དབང་སྐྱོན་ལྷན་ཚོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་དབང་སྐྱོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།