དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་འབྲེལ་གཏུག་ས་ཚིགས་འདམ་གཞུང་རྫོང་དུ་ཆེད་དོན་ཏང་གི་སློབ་ཚན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-02

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཟླ་7ཚེས་31ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་འབྲེལ་གཏུག་ས་ཚིགས་འདམ་གཞུང་རྫོང་དུ་ཕེབས་ནས་ཆེད་དོན་ཏང་གི་སློབ་ཚན་འཚོགས་གནང་བ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ། ཡན་ཅིན་ཧའེ་ཡིས་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་ངོས་འཛིན་གྱི་གོ་རྟོགས་ཟུང་འབྲེལ་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་ཟུང་འབྲེལ་དང་། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད། འགྲེལ་བརྗོད་དང་གྱོད་དཔེ་ཕན་ཚུན་ར་སྤྲོད་བཅས་ཀྱི་མཐོ་ཚད་ནས་ཞིབ་ཅིང་ཕྲ་བའི་གྲངས་གཞི་འབོར་ཆེན་དང་གསོན་ཉམས་དོད་པའི་གྱོད་དཔེར་བརྟེན་ནས་ཚང་མར་བརྗོད་དོན་ཁ་གསལ་དང་ནང་དོན་ཕུན་སུམ་ཚོགས་པའི་ཆེད་དོན་ཏང་གི་སློབ་ཚན་ཟུར་ཁྲིད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལྷག་བསམ་རྣམ་དག་ནི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་རྗེས་འབྲངས་དང་། རྡོ་བརྐོས་རི་མོ་ལྟ་བུའི་དད་མོས། ཞུམ་པ་མེད་པའི་གཤིས་སྤྱོད། འཐབ་རྩོད་བྱེད་ཕོད་པའི་སྤོབས་པ། ངས་འགན་མ་ཁུར་ན་སུས་ཁུར་སྙམ་པའི་འགན་འཁྲི་ཁུར་སེམས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བརྩེ་སེམས་བཅས་རེད། རྒྱང་ལམ་གསར་པར། མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱ་རྒྱུ་སེམས་ལ་བརྟན་པོར་ངེས་པ་དང་། ཁྲག་རྒྱུན་དུ་འདྲེས་པ། བྱ་སྤྱོད་དུ་འཁྱོལ་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་བློའི་གོ་རྟོགས་དེ་བས་མཐོ་བའི”མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ས་བབ་དང་མཐོ་ཚད་བསྡུར་བ་དང་། རྩྭ་ཐང་དང་ཁོང་ཡངས་བསྡུར་བ། བྱེ་རླུང་དང་སྙིང་རུས་བསྡུར་བ། གངས་རི་དང་དྭངས་གཙང་བསྡུར་བ་བཅས་བྱེད་དགོས། རང་རྟོགས་ངང་སྔོན་གཤེགས་དཔའ་བོ་དང་དཔེ་བཟང་བའི་སྙིང་སྟོབས་རླབས་པོ་ཆེར་སློབ་སྦྱོང་བྱེད་མཁན་དང་། རྒྱུན་འཛིན་བྱེད་མཁན། དར་སྤེལ་གཏོང་མཁན་བཅས་བྱས་ནས་ཆོད་སེམས་བརྟན་པོས་ཏང་གི་རྗེས་སུ་འབྲང་བ་དང་ཚེ་གང་ལེགས་སྐྱེས་འབུལ་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་བློ་སྟོབས་དང་གདེང་སྤོབས་ཆེ་རུ་གཏོང་བ་བཅས་བྱས་ནས་འགག་སྒྲོལ་དཀའ་སེལ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་བརྟན་པོར་ངེས་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལྗོངས་ཏང་ཨུད་ཀྱི་བླང་བྱར་བསྡུར་བ། འགན་འཁྲི་དང་ཉེན་ཁ་ཁུར་ཕོད་པ་བཅས་བྱས་ནས་ལས་དོན་གལ་ཆེན་ཁག་རེ་རེ་བཞིན་ཡག་པོ་སྒྲུབ་དགོས། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི”རང་རྟོགས་དང་། “དམིགས་བསལ་རང་བཞིན་ཅི་ཡང་མེད་པའི”ཉེན་བརྡ། “ནམ་ཡང་ཚར་དུས་མེད་པའི”སྙིང་རུས། “བཀག་སྡོམ་ཁུལ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པ་གཏན་ནས་མི་གཏོང་བའི”ཆོད་སེམས་བཅས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སྤྱོད་བཟང་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱས་རྗེས། རང་གཅུན་ནན་པོ་བྱེད་པའི་གཤིས་སྤྱོད་བཅས་བསྐྱངས་ནས“རྒྱུགས་འབུལ”གྱི་དྭངས་གསལ་དང་སྲ་བརྟན་ནམ་ཡང་གནས་ཐུབ་པ་དང་། གངས་ལྗོངས་ས་མཐོའི་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ལྷག་བསམ་རྣམ་དག་དང་། གཞུང་དྲང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་རང་མདངས་གསལ་པོ་ནམ་ཡང་གནས་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།