དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་བརྒྱད་གཅིག་གི་སྔ་ནུབ་ཏུ་བོད་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-02

    ཟླ་7ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་གི་འཐབ་འཛིང་བ་ཚོའི་འཚོ་བ་དང་། སློབ་སྦྱོང་། སྦྱོང་བརྡར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    བརྒྱད་གཅིག་དམག་བཙུགས་དུས་ཆེན་འཆར་ཉེའི་མཚམས་ཀྱི་ཟླ་7ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས་བོད་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་འཁུར་མཁན། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་མི་སྣ། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་བཅས་ལ་དུས་ཆེན་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་དགོངས་པ་ལག་བསྟར་གཏིང་ཟབ་དང་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་གཉིས་བཀུར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲོང་ཡན་དང་། ཟླ་བ་ཚེ་རིང་། ལིའུ་པོ་ཁྲེང་། ཝང་ཡུང་། མོང་ཞའོ་ལིན། གཡོད་ཨན་ཏེ། ལི་ཀོང་ཆོན། ཧྥང་ཡུན་ཕིང་བཅས་ཞུགས་ཡོད་པ་རེད།

    བོད་སྡོད་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེ་ཞིག་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་ཅིག་ཏུ་ཝང་ཅུན་ཀྲེང་གིས་འཐབ་འཛིང་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་འཚོ་བ་དང་། སློབ་སྦྱོང་། སྦྱོང་བརྡར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་བོད་ལ་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་སྔར་ནས་ཡོད་པ་དང་དམག་སྲིད་དམག་དམངས་དབར་གྱི་འབྲེལ་བ་སྲ་ཞིང་བརྟན་པོ་ཡོད། ཁྱེད་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས་གསར་བརྗེའི་ས་བོན་དང་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་མཐུད་དེ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བཞིན་ཡོད། བོད་སྡོད་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་དང་དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་བླང་བྱ་མཐོ་ཤོས་སུ་བརྩིས་ནས་བརྩི་སྲུང་ཞུ་བ་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་མཐོ་ཤོས་སུ་བརྩིས་ནས་ནན་སྲུང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་འགན་འཁུར་བ། ཀྲུའུ་ཞི་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་ཡོང་བ་བཅས་བྱེད་དགོས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཧུར་ཐག་ཞུས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་འགན་འཁྲི་དེ་བས་ཆེ་བ་འཁུར་བ་དང་། ནུས་པ་དེ་བས་ཆེ་བ་འདོན་པ། བྱས་རྗེས་དེ་བས་ཆེ་བ་མངོན་པ་བཅས་བྱེད་དགོས།

    རྒྱ་ཆེའི་དཔོན་དམག་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་དེ་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་ལས་འགན་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་། དཔུང་སྡེ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། དམག་དཔུང་དང་ས་གནས་ཀྱི་མཉམ་ལས་དམ་ཟབ་བྱེད་པ་དང་ཆབས་ཅིག ས་གནས་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་འདོད་འདུན། དཔུང་སྡེའི་ནུས་པ་བཅས་ལ་གཞི་ཚུགས་ཏེ་རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་དང་འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་འཇོག་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།