དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དབང་ཧའེ་ཀྲོའུ་ཡིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-02

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྷ་ས་གྲོང་ཁྱེར་དུ་སྤྱི་པའི་རིག་གནས་ཞབས་ཞུ་དང་། རིག་གནས་ཐོན་ལས་འཕེལ་རྒྱས། རིག་གནས་གྲངས་འཛིན་ཅན་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད། ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཉམ་དུ་བརྟག་ཞིབ་ལ་ཕེབས་པ་རེད།

    དབང་ཧའེ་ཀྲོའུ་བཅས་པ་དང་ཐོག་བརྙན་འཕྲིན་འཁྲབ་ཚན《ཉི་འོད་གྲོང་ཁྱེར》གྱི་པར་ལེན་སྒྲིག་བཟོ་ཚོགས་ཆུང་ལ་གཟིགས་པར་ཕེབས་ནས་པར་ལེན་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། འཁྲབ་ཚན་ཚོགས་ཆུང་གི་ལས་དོན་དང་དེ་བཞིན་འཁྲབ་སྟོན་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་རེད།

    ལྷ་ས་དཔེ་མཛོད་ཁང་དུ་བརྟག་ཞིབ་གནང་སྐབས་དབང་ཧའེ་ཀྲོའུ་ཡིས་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔེ་མཛོད་ཁང་གི་དོ་དམ་དང་ཞབས་ཞུ་ཡག་པོ་སྒྲུབ་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིག་གནས་ནུས་པའི་ཁུལ་བཀོད་སྒྲིག་བྱས་ཏེ་ལྟེ་བའི་གྲོང་ཁྱེར་གྱི་རིག་གནས་གཅིག་སྡུད་ཀྱི་ཕན་འབྲས་འདོན་དགོས་ཞེས་གསུངས་པ་རེད།

    མཇུག་ཏུ་བོད་ལྗོངས་གྲོང་འཕེལ་ལེན་ཧྭ་ཀྲི་པའོ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་རྗེས། དབང་ཧའེ་ཀྲོའུ་ཡིས་ཀུང་སིའི་འགན་འཁུར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཀྲུང་ཧྭའི་རིག་གནས་དང་བོད་མི་རིགས་ཀྱི་རིག་གནས་དབར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཁེ་ལས་ཀྱི་རིག་གནས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།