ཝང་ཅུན་ཀྲེང་གིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏིང་ཡན་ཀྲང་བཅས་པ་དང་བཞུགས་མོལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཏིང་ཡན་ཀྲང་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཏིང་ཡན་ཀྲང་བཅས་པ་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་ཟླ་བ་ཚེ་རིང་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་འགོ་ཁྲིད་ཝང་ཞའོ་ཅུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཏིང་ཡན་ཀྲང་དང་བཅས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བོད་ཀྱི་འཕེལ་རྒྱས་ལ་ཡུན་རིང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་གསར་སྤེལ་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བ་ལས། གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་མངོན་གྱི་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། མིག་སྔར་བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར། “དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། བོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དགེ་མཚན་ཆེ་རིགས་མངོན་གསལ་དོད་པ། ནུས་རྒྱུ་གསར་སྤེལ་གྱི་གཏིང་ཤུགས་ཆེ་བ། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་དགེ་སྤེལ་སྐྱོན་སྤོང་དང་ལེགས་ཆ་གསབ་རེས་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ལ། ཆུ་གློག་དང་། རླུང་གློག འོད་ཤུགས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མ་བདེ་འཇགས་དང་། ལས་ཕྱོད་ཆེ་བ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྒོ་ནས་གསར་སྤེལ་བེད་སྤྱོད་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་སྒྱུར་བ་དང་།མཉམ་ལས་བྱེད་སྟངས་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་དུ་གཏོང་བ་དང་། ཤེས་ལྡན་པ་དང་། ལག་རྩལ། མ་དངུལ། དོ་དམ་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མ་དང་ཡང་བའི་བཟོ་ལས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བའང་ཡོད། བོད་ཀྱིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་བོད་དུ་འཕེལ་རྒྱས་ཡོང་བར་མུ་མཐུད་རྒྱབ་སྐྱོར་བྱས་ནས་མཐུན་སྦྱོར་ཞབས་འདེགས་ཀྱི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་ཁེ་ལས་ཀྱིས་མ་འཇོག་ལས་གཏོད་ལ་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
ཏིང་ཡན་ཀྲང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁེ་ལས་བོད་དུ་འཕེལ་རྒྱས་གཏོང་བར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བཟང་པོར་གཞི་ཚུགས་པ་དང་འགན་འཁྲི་ཧུར་ཐག་བསྒྲུབས་ནས“མ་རྩ་འཇོག་པ་དང་། འཛུགས་སྐྲུན། གཉེར་སྐྱོང”བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་གི་འདུས་གྲུབ་དང་ཆེད་ལས་ལག་རྩལ་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་མ་རྩ་འཇོག་པའི་བཀོད་པ་ལེགས་སུ་གཏོང་བ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་ཧུར་ཐག་འབུལ་གྱི་ཡིན་ཞེས་གསུངས་པ་རེད།