དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>དབང་ཧའེ་ཀྲོའུ།
  • དབང་ཧའེ་ཀྲོའུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-27

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བཞིན་པའི་ཚེས་24ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་ཆེད་དོན་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོཌ་འདུའི་ཐོག་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱི་རིཌ་གཅིག་མཁས་ཅན་དང་མཁས་དབང་8ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་གནད་དམིགས་ཚད་དང་ལས་འགན་བླང་བྱར་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་སྦྱངས་འབྲས་གསར་པ་ཐོབ་པ་དང་། རིགས་པའི་གཞུང་ལུགས་འགྲེལ་བཤད་ཐད་གྲུབ་འབྲས་གསར་པ་ཐོབ་པ། རིགས་པའི་གཞུང་ལུགས་ཁྱབ་གདལ་གཏོང་བར་ཚད་བརྒལ་གསར་པ་ཡོང་བ། རིགས་པའི་གཞུང་ལུགས་ལག་ལེན་ཐད་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རིག་གནས་སྟོབས་ཆེའི་ས་ཁུལ་འཛུགས་སྐྱོང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་དམ་པོར་དམིགས་ནས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་འབད་བརྩོན་དང་། དྲིལ་བསྒྲགས་འགྲེལ་བཤད་དང་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བར་འབད་བརྩོན། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཏན་ཏིག་འཁུར་རྒྱུར་འབད་བརྩོན། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་བཅས་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།