དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-27

    ཚེས་25ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྒྱལ་མཚན་དང་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་འཇམ་དཔལ་དང་། ཐང་མིང་དབྱིང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ཏང་ཙུའི་ཁོངས་མི་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་འཚོལ་བཤེར་གནད་དོན་གྱི་དག་ཐེར་གསལ་ཐོ་དང་། 《འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེ་བཞིན་ལས་ཁུངས་ཀྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས(བཟོ་བཅོས་འཆར་ཟིན)》གྲོས་ཞིབ་ལ་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་ཞིབ་འཇུག་བྱས་པ་དང་།《ལྷ་ས་གྲོང་ཁྱེར་གྱི་སྔོ་འགྱུར་སྲོལ་ཡིག》དང《ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དོན་གྲོས་སྒྲིག་སྲོལ》གྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ། 2022ལོའི་རིམ་པ་དེ་གའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2023ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི(འཆར་ཟིན)གྱི་ཞིབ་བཤེར་བྱས་འབྲས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུ་དང་ལྗོངས་ཡོངས་ཀྱི་གྲོང་གསེབ་ཐོན་ལས་དར་རྒྱས་གཏོང་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་བརྟག་ཞིབ་སྙན་སེང་གསན་པ། ལྗོངས་ཡོངས་ཀྱི་འགོ་ནད་སྔོན་འགོག་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་སྐོར་གྱི་བརྟག་ཞིབ་སྙན་སེང་གསན་པ། འཐུས་མི་ཁག་གཅིག་གི་འཐུས་མིའི་འོས་ཐོབ་ཀྱི་སྙན་ཞུ་དང་སྤྱི་བསྒྲགས(འཆར་ཟིན)སོགས་གསན་པ་རེད།

    ཚོགས་འདུའི་ཐོག་གོང་གསལ་གྱི་ཁྲིམས་སྲོལ་དང་སྙན་ཞུ་སོགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་ལ་འབུལ་རྒྱུའི་མོས་མཐུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།