དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆི་རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་བརྙན་ལམ་ནས་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཚོགས་འདུར་འདི་ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་གྲོས་འགོ་དང་གྲོས་གཞི་སྒྲུབ་པའི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུན་ཤན་ཀྲུང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་ཚོགས་འདུར་ཞུགས་པ་དང་འབྲེལ་བསམ་འཆར་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ཤའོ་ཡིའུ་ཚའེ། ལྕགས་རྭ་བློ་བཟང་བསྟན་འཛིན། ཀྲང་ཧུང་པོ། ལང་ཧྥུ་ཁོན། བསོད་ནམས་ཉི་མ། ཝུའེ་ཤིའུ་ཁྲང་། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། སྲིད་གཞུང་ཁོངས་གཏོགས་དང་དེའི་ལས་དོན་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གྲོས་འགོ་དང་གྲོས་གཞི་ཡག་པོ་སྒྲུབ་གཉེར་བྱེད་པ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། རིམ་ཁག་མི་དམངས་སྲིད་གཞུང་གིས་རང་འགན་གཙང་སྒྲུབ་དང་ལྟ་སྐུལ་དང་ལེན་བྱེད་པའི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱས་ནས། གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་གྱི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོཌ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོང་བཞིར”ཤུགས་བརྒྱབ་ནས་འགན་འཁྲི་འཁུར་སེམས་ཆེན་པོ་དང་མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ལ་བརྟེན་ནས་སྒྲུབ་གཉེར་གྱི་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱེད་དགོས་པ་དང་། ཡག་ཐོག་ཡག་བརྩེགས་མཐའ་འཁྱོངས་ཀྱིས་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་གྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྲིད་གཞུང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་མིང་སྔོན་འགོད་ཀྱིས་གཙོ་གནད་དང་དཀའ་གནད་ཀྱི་གྲོས་འགོ་དང་གྲོས་གཞི་ལྟ་སྐུལ་སྒྲུབ་གཉེར་གྱི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ཏེ་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་དགོས། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས། འབྲེལ་མཐུད་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། སྒྲུབ་གཉེར་བྱེད་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ན་ནིང་གི་ཡིད་ཚིམ་ཚད“100%གསུམ”གྱི་རྨང་གཞིའི་ཐོག་གྲོས་འགོ་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།