དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ལ་བརྟག་ཞིབ་གནང་བ།

    སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་བསྐྲུན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-22

    ཟླ་7ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་མངགས་གཏོང་ཁང་དུ་ཐེམ་ཐོ་བཟོ་བར་ཡོང་མཁན་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཐེམ་ཐོའི་ལས་སྒོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཟླ་7ཚེས་20ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ལ་བརྟག་ཞིབ་གནང་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་ཧུར་ཐག་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

    ལིའུ་ཅང་དང་། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ཀྲང་ཧུང་པོ། ཕེང་ཅུན་ཞ་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སེ་ར་བྱང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་གྲྭ་བཞི་མངགས་གཏོང་ཁང་དུ་ཕེབས་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་དང་། ཉེན་བརྡ་དང་ལེན་ཐོ་འགོད། ཐེམ་ཐོའི་ལས་སྒོ་གཉེར་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་མངགས་གཏོང་ཁང་དང་ཉེན་དོན་ས་ཚིགས་ནི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོ་ཡིན་པས། གཞི་རིམ་དང་རྨང་གཞི་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་བཙུགས་ནས་གཙོ་གནད་གཤམ་སྒྱུར་དང་། ཉེན་རྟོག་པ་གཤམ་གཏོང་། འགན་ལེན་གཤམ་སྐྱོད་བཅས་ལ་སྐུལ་འདེད་བཏང་སྟེ་འགལ་ཟླ་འདུམ་འགྲིག་དང་། གཙོ་རྒྱུ་དོ་དམ་ཚོད་འཛིན། ཉེན་རྟོག་པས་གྱོད་གཞི་ཐག་གཅོད། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་དུས་བདེ་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་སྟོབས་ཤུགས་དང་དམག་འཐབ་ཀྱི་ནུས་པ་ཆེ་རུ་བཏང་ནས། སྲིད་ཇུས་དྲིལ་བསྒྲགས་དང་། དམངས་ཀྱི་གནས་ཚུལ་སྤེལ་རེས། དམངས་ཕན་ཞབས་ཞུའི་ཕན་ནུས་བཅས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་སྒྲིག་འཛུགས་དང་། དྲིལ་བསྒྲགས། གོང་བུ་གཅིག་འགྲིལ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དམངས་འཚོའི་དོན་དངོས་ལ་དམིགས་པ། དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་ལྟར་ཐག་གཅོད་ཡག་པོ་བཅས་བྱས་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དུ་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་ལས་དོན་གྱི་་སྙན་ཞུ་ནན་ཏན་ངང་གསན་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཆེད་ཕུལ་བའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ལས་ཀའི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱེད་པ་དང་། སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་སྟེ། འབྱུང་རྩ་ནས་དོགས་ཟོན་དང་། ཉེན་ཁ་གྲལ་བཤེར། གནས་ཚུལ་སྔོན་བརྡ། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ཧུར་ཐག་བྱས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་ཀའི་ཞན་ཆ་སེལ་བ། ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། ཞན་ཆ་འཚོལ་བ། ཞན་ཆ་སེལ་བ། ཆད་སྐྱོན་སེལ་བ། སྔ་ས་དང་ཆུང་ས་ཐོན་བཟོ་ཡོད་དུས་ནས་དམ་འཛིན་བྱས་ཏེ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་དུས་ནས་མེད་པར་བཟོ་དགོས། དམངས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ། མཐའ་ཚད་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། སྤྱི་པའི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། འགྲོ་ལམ་འགྲིམ་འགྲུལ། ཡུལ་སྐོར་བདེ་འཇགས་སོགས་ཀྱི་གཙོ་གནད་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་དུས་བདེ་སྲུང་བ་དང་མང་ཚོགས་ཀྱི་ཁེ་དབང་འགན་ལེན་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། དྲང་གཞག་ཡ་རབས་ཀྱི་ཁྲིམས་སྒྱུར་ཚད་ལྡན་བཟོ་བ་དང་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས། ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ཀྱིས་གཞི་འཛིན་ས་བྱེད་པ་དང་། རྒྱུ་མཚན་བཤད་ནས་མི་སེམས་འགུག་པ། བརྩེ་སེམས་ལ་བརྟེན་ནས་མི་སེམས་འགུལ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ། “བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་གཏིང་ཟབ་སྤེལ་ནས། ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།