དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཚེས་14ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    སློབ་སྦྱོང་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་ཉེན་ཟོན་སློབ་གསོའི་གློག་བརྙན《དམིགས་བསལ་གང་ཡང་མེད》ཅེས་པ་བལྟས་པ་དང་འབྲེལ་སྲིད་གཞུང་ཏང་ཙུའུ་ཚན་ཁག་གི་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲིད་གཞུང་ཚན་ཁག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ཐུན་མོང་ཐོག་འཁུར་བ་དང་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཏེ། གཅིག་ནས་གྱོད་དོན་དཔྱད་གཞིར་འཛིན་པ་དང་ཉེན་བརྡ་རྒྱུན་དུ་བཏང་ནས། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལྷག་བསམ་ཟོལ་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས་”ཟོལ་མེད་ལག་ལེན་བསྟར་དགོས། གཉིས་ནས་གྱོད་དོན་ལ་བརྟེན་ནས་ཉེན་བརྡ་གཏོང་བ་དང་། མཐའ་ཚད་བརྟན་པོར་སྲུང་བ། རྨོངས་གཉིད་ལས་དངོས་འབྲེལ་སད་པ། བསླབ་བྱར་ལེན་པ། དམ་བཅའ་དང་། རྩ་འཛུགས། ཏང་གི་སྒྲིག་ཁྲིམས་བཅས་ལ་གུས་ཤིང་སྐྲག་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སེམས་ནང་འཇོག་པ་དང་། དམ་པོར་འཛིན་པ། བྱ་སྤྱོད་ཐོག་འཁྱོལ་བ་བཅས་བྱས་ཏེ། མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་བརྟན་པོ་སྲུང་དགོས། གསུམ་ནས་གྱོད་དོན་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྲིག་གཏིང་ཟབ་ཏུ་གཏོང་བ། དག་ཐེར་ཇུས་གཞི་དང་ཡང་ཡང་བསྡུར་བ་བཅས་བྱས་ནས། དོན་ཚན་དང་རྣམ་གྲངས་རེ་རེ་བཞིན་ལ་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། བྱེད་ཐབས་ཞིབ་ཕྲ་བཟོ་བ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འདུ་ཤེས་བརྟན་པོ་བཙུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི“སྲོག་རྩ”ལ་བརྩི་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སྲིད་གཞུང་ཚན་ཁག་གིས་སྣེ་ཁྲིད་པ། གྱོད་དོན་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བར་དམིགས་པ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བཅས་བྱེད་པའི་སློབ་སྦྱོང་དང་། འཚོལ་བཤེར། དག་ཐེར་བཅས་ཆེན་པོ་གསུམ”གྱི་བྱེད་སྒོ་སྤེལ་ཏེ། ཉེན་ཁ་གྲལ་བཤེར་དང་། རང་འགུལ་ངང་དག་ཐེར། ཞན་ཆ་ཡོ་བསྲང་བཅས་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིམ་ཁག་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དཔལ་འབྱོར་གྱི་རྩིས”དང་། “སྒྲིག་ཁྲིམས་ཀྱི་རྩིས” “ཁྲེལ་གཞུང་གི་རྩིས”བཅས་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས“རྩིས་ཁྲ་གསུམ”སེམས་ནང་བརྟན་པོར་བཅངས་ཏེ། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་རྨོངས་གཉིད་ལས་སད་པ་དང་། རང་ཉིད་ལ་སྐུལ་ལྕག་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། རང་འགན་ནན་སྒྲུབ་དང་བློ་དཀར་སེམས་དཀར་གྱིས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།