དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཤིང་། ཚང་མས་བསམ་ཚུལ་གླེང་བ་དང་། བརྩེ་སེམས་མཚོན་པ། དོན་འཁྱོལ་སྐོར་གླེང་བ་བཅས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་བརྡར་ཤ་གཅོད་པ། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་བྱེད་པ། འབྲས་བུ་སྟོན་ཕྱོགས་སུ་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་རང་ངོས་ཀྱི་ལས་ཀའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཕན་འབྲས་ཆེན་པོས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།

    “ཚང་འཛོམས་གྲོས་ཚོགས་ཐོག་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་བཟང་སྒྲིག་བྱས་ནས་ཚོང་པར་སྟབས་བདེ་དང་ཕན་པ་ཐོབ་པ་དང་། ཚོང་གཅེས་ཚོང་འདུས། ཚོང་དར་ཚོང་ཕྱུག ཚོང་སྐྱོང་ཚོང་བདེ་བཅས་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོ་སྐྱེད་སྲིང་བྱེད་དགོས་པའི་ནན་བཤད་བྱས་པར་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང” ལྷ་ས་མཐོ་གསར་ཁུལ་མི་སྤྱི་པུའི་པུའུ་ཀྲང་གཞོན་པ་ཐན་ཀྲེན་ལིན་གྱིས། འདི་ལོ་ལྷ་སའི་མཐོ་གསར་ཁུལ་ལ་རྒྱལ་ཁབ་རིམ་པའི་མཐོ་གསར་ཁུལ་གྱི་ཆོག་མཆན་སྤྲོད་པའི་གོ་སྐབས་དང་བསྟུན་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ལེགས་གཏོང་གི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ནས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད་ཅེས་བཤད་པ་རེད།

    མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་ཁོའོ་ཡི་ཁོའོ་ཀྲང་ལི་ཝུན་པིང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མངའ་རིས་ཀྱི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཆེ་ཤོས་ནི་མཐའ་མཚམས་འཛུགས་སྐྲུན་དང་། ནུས་རྒྱུ་གཙང་མ། ལྗང་མདོག་གཏེར་ལས་བཅས་ཀྱི་ཐོན་ལས་འཕེལ་རྒྱས་བཅས་ལས་བྱུང་བ་ཞིག་རེད། རྣམ་གྲངས་དེ་གསུམ་ནི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཀྱི་རྒྱབ་སྐྱོར་བྱེད་ས་ཡིན་པས་གོ་ཆོད་ཚད་མཐོ་བ་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་བཏོན་ཡོད་ཅེས་བཤད་པ་རེད། ཁོང་གིས“ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ལྡན་ངང་མ་འཇོག་རྒྱ་ཆེར་གཏོང་བ་དང་། ཁྲོམ་རའི་གདེང་ཚོད་ཆེ་རུ་གཏོང་བ། མ་འཇོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཐད་རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ་དང་དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱས་ཏེ་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས་མགྱོགས་མྱུར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཤེས་སྦྱོར་གཅིག་མཐུན་དང་དམ་པ་དོན་གཉེར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། གཞིས་རྩེ་གྲོང་ཁྱེར་རྩིས་བཤེར་ཅུས་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ཁོའོ་ཡི་ཁོའོ་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས“ངས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་རྩིས་བཤེར་ལྟ་སྐུལ་གྱི་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་། ལས་ཀའི་གཙོ་གནད་ལ་དམིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྡེ་ཚན་སྒྲོལ་བའི་མཉམ་ལས་ལྟ་སྐུལ་ལམ་སྲོལ་སྔར་བས་ཞིབ་ཚགས་སུ་གཏོང་བ། རྩིས་བཤེར་ལྟ་སྐུལ་གྱི་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་རྩིས་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།