དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ཅང་ཅན་གོ་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-17

    འདི་ནི་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཅན་གོ་བཅས་པ་དང་བཞུགས་མོལ་གནང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཅན་གོ་བཅས་པ་དང་བཞུགས་མོལ་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀོའུ་ཀྲུང་ཝུན་དང་། ཀྲའོ་ཙུང་ཆི། ཞུས་ཞའོ་ཧུང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དབྱང་ཀོང་ཡུའེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེན་ཙུང་རུང་། དབྱང་ཞའོ་པོ། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཟླ་བ་ཚེ་རིང་། མོང་ཞའོ་ལིན། རྡོ་རྗེ་ཚེ་སྒྲུབ། ཝང་ཀང་བཅས་ཕེབས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཅང་ཅན་གོ་བཅས་པ་བོད་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེའང་ཞུས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་དང་ཆོས་ལུགས་ལས་དོན་ལ་མཐོང་ཆེན་པོ་གནང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ཕན་འབྲས་ཆེ་བ་བཅས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་གསར་གཏོད་ལས་དོན་སྤེལ་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་སློབ་སྦྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་དང་ཆོས་ལུགས་ལས་དོན་གྱི་རང་འགུལ་དབང་ཆ་དམ་པོར་བཟུང་ཡོད་ཅེས་གསུངས་པ་དང་། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱིས་སྔར་རྒྱུན་བཞིན་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་མཛུབ་སྟོན་གང་མང་དང་རྩ་ཆེའི་བསམ་འཆར་མང་ཙམ་འདོན་རྒྱུའི་ཐུགས་རེའང་གནང་བ་རེད།

    ཅང་ཅན་གོས་ད་ཐེངས་ཀྱི་རྟོག་ཞིབ་དང་བརྟག་ཞིབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་སྦྲགས་རང་ལྗོངས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ལ་ཁས་ལེན་ཡང་གནང་ཞིང་། ཁོང་གིས་བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་རིགས་དང་ཆོས་ལུགས་ལས་དོན་ཐད་འཚོལ་ཞིབ་དང་ལག་ལེན་ཡག་པོ་བསྟར་བས་གྲུབ་འབྲས་ལ་ཁས་ལེན་བྱེད་འོས་པ་དང་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་ཅེས་གསུངས་པ་རེད།

    ཅང་ཅན་གོས། བོད་དུ་སྡོད་རིང་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་བརྟག་ཞིབ་ཚོགས་ཆུང་བཅས་པས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་ནས་ས་གནས་ས་ཐོག་ཏུ་འཚམས་འདྲི་དང་། བཞུགས་མོལ། བགྲོ་གླེང་སོགས་བྱས་པ་བརྒྱུད་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།