དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-17

    ● ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

     ཚེས་14ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བསྟན་དོན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། ཚོགས་འདུར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར“གང་ཞིག་སྒྲུབ་པ”དང“ཇི་ལྟར་སྒྲུབ་པ”སོགས་ཀྱི་གནད་དོན་གལ་ཆེན་གསལ་སྟོན་བྱས་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྙིང་རུས་གཏན་འཁྱོངས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཚད་མཐོའི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། རིག་པ་དྭངས་གསལ་རྒྱུན་འཁྱོངས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཚད་མཐོའི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དངོས་ཡོད་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། མངོན་མེད་ཉེན་ཁ་སྔོན་ཚུད་ནས་སེལ་བ། བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་སོགས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྒྲུབ་པ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས། ཚད་མཐོའི་དགོས་གཏུགས་ཀྱི་བསམ་པར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཀོད་གཏོང་ལ་དམ་འཛིན་ཤུགས་ཆེན་བྱེད་པ། ལོ་ཕྱེད་རིང་གི་ལས་དོན་ལ“ཕྱིར་མིག་ལྟ་བ”བཅས་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། འབྲེལ་མཐུད་ལ་དམ་འཛིན་ཤུགས་ཆེན་བྱས་ནས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་སྔར་བས་མང་བ་བོད་དུ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱེད་པ་དང་། གཙོ་གནད་ལ་དམ་འཛིན་ཤུགས་ཆེན་བྱས་ནས་རྣམ་གྲངས་ལ་མ་འཇོག་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ལ་འབབ་འཕར། འཛད་སྤྱོད་ལ་སྐུལ་འདེད། ཁོར་ཡུག་ལེགས་གཏོང་། བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། དཀའ་གནད་སེལ་རྒྱུར་ཤུགས་སྣོན་བརྒྱབ་ནས“གསར་གཏོད་ཀྱི་ལམ་བུར”ཡག་པོ་སྐྱོད་པ་དང་།“སྒྱུར་བཅོས་ཀྱི་ཐབས་ཇུས”ཡག་པོ་སྤྱོད་པ། “སྐྱེ་ཁམས་ཀྱི་སྤུས་རྟགས”ཡག་པོ་གཏོད་པ་བཅས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཚོད་འཛིན་མེད་པར་བཟོ་བ་དང་། མི་མངོན་པའི་སྟོབས་ཤུགས་འདོན་སྤེལ། སྒུལ་ནུས་སྐྱེད་སྲིང་བཅས་བྱེད་དགོས། ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་འགན་འཁུར་བློ་མཐུན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་གྲངས་གཞིའི་སྟོན་གྲངས་དང་ཕན་འབྲས་དངོས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ལུགས་མཚོན་པར་བྱེད་དགོས། འཇོན་ཐང་གི་དངངས་འཚབ་ཁྱད་བསད་བྱས་ཏེ་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་གཞི་འཛིན་སར་བྱས་ནས་ཆེད་ལས་ཀྱི་ཤེས་བྱ་གསོག་འཇོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ལས་དོན་གྱི་ནང་གནས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ལས་དོན་སྒྲུབ་ཞོར་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་བྱེད་ཞོར་ལས་དོན་སྒྲུབ་པ་བཅས་བྱས་ནས་བྱང་གོམས་ཅན་ཞིག་ཏུ་འགྱུར་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་དཀའ་ངལ་མང་བ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་ཀའི་རྣམ་པ་གཏོད་མི་ཐུབ་པ་བཅས་ཀྱི་ས་ཆར་མང་ཙམ་བསྐྱོད་ནས་གནད་དོན་གྱི་རྐྱེན་རྩ་གང་ཡིན་མིན་བརྟག་དཔྱད་དང་དབྱེ་ཞིབ་བྱས་ཏེ་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་དང་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་སྟེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་ལས་བྱེད་པར་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་དངོས་འབྲེལ་འཛུགས་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།