ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ། ཁྲེན་ཆིང་ཚང་ཚོགས་འདུར་མཛུབ་སྟོན་གནང་བར་ཕེབས་པ།
● གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཚེས་11ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུའི་ཚན་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་ཀྱི་སྤེལ་རེས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། དབྱིན་ཧུང་ཤིང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་ཚོགས་འདུར་ཞུགས་ཡོད། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་གཞོན་པ་ཁྲེན་ཆིང་ཚང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་བློ་མཐུན་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པ། རྒྱལ་ཁབ་ཀྱི་མཐའ་སྲུང་མཐའ་དར་གྱི་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་དང་ཁ་གཏད་གཅོག་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དོན་འཁྱོལ་ལ་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ། ཇུས་གཞི་ཚགས་ཚུད་བཟོ་བ། བརྟག་ཞིབ་ཀྱི་གཙོ་གནད་ཁ་གསལ་བཟོ་བ། དཔེ་མཚོན་གྱོད་དཔེར་གཤགས་བཅོས་རྣམ་པའི་བརྟག་ཞིབ་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བློ་མཐུན་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གཞན་དག་གིས་སྣེ་ཁྲིད་དེ་བརྗོད་གཞི་རྩིས་བླངས་ནས་གཞི་རིམ་དང་། མང་ཚོགས། འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་ནད་བརྟག་སྨན་བཅོས་བྱས་ནས་གནས་ཚུལ་དངོས་རྟོག་ཞིབ་དང་། གནད་འགག་འཚོལ་བ། དཀའ་གནད་སེལ་བ་བཅས་བྱས་པས་སྤུས་ཚད་མཐོ་བའི་བརྟག་ཞིབ་ཀྱི་གྲུབ་འབྲས་ཆགས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྟག་དཔྱད་ཞིབ་འཇུག་གི་རྨང་གཞི་ནི“བརྟག་དཔྱད”ལ་ཐུག་པ་དང་། འགག་རྩ་ནི“ཞིབ་འཇུག”ལ་ཐུག་པ། རྩ་བ་ནི་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་བྱ་ཐབས་རྙེད་པར་བྱ་རྒྱུ་དེ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ནས་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་པ། “མཐའ་འཁྱོངས་དྲུག”ཧུར་ཐག་ཐུབ་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་ཚན་རིག་གི་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་གྱི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་རིན་ཐང་གི་ལྟ་བ་ཆེ་རུ་གཏོང་བ་དང་། ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་ཐམས་ཅད་མང་ཚོགས་ལ་བརྟེན་པ་མཐའ་འཁྱོངས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་སྐྱོད་པ། མཁོ་དགོས་དང་། ཐབས་ཇུས། ཕན་འབྲས་བཅས་དམངས་ལ་འདྲི་བ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དུས་ཐོག་ཏུ་དམངས་འཚོའི་ཕན་བདེར་སྒྱུར་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་རྟོན་རང་ཚུགས་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་ལངས་ཕྱོགས་དང་རྩ་དོན་བརྟན་དུ་གཏོང་བ་དང་། གཞི་རྩའི་རྒྱལ་བབ་དང་། ལྗོངས་བབ། འཕེལ་རྒྱས་ཀྱི་བླང་བྱ་བཅས་ནས་འགོ་འཛུགས་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་གནད་དོན་གསར་པ་དང་འགྲན་སློང་གསར་པ་འཕྱུགས་མེད་འཚོལ་བ། བརྟག་དཔྱད་ཞིབ་འཇུག་གི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མི་འཛོལ་བ་དང་བརྟག་དཔྱད་ཞིབ་འཇུག་གི་རྣམ་པ་ཐོག་མཐའ་བར་གསུམ་དུ་མི་འགྱུར་བའི་འགན་ལེན་བཅས་བྱས་ནས། རང་རྟོན་རང་ཚུགས་ཀྱི་བློ་རྒྱར་བརྟེན་ཏེ་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་དམིགས་ཚད་དང་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་བརྟག་ཞིབ་ཀྱི་ཁ་ཕྱོགས་སུ་བརྩི་བ་དང་གནད་དོན་ཐག་གཅོད་བྱེད་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱས་ནས་གནད་དོན་ཤེས་རྟོགས་མཁས་པོ་དང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། རང་འགུལ་ངང་གནད་དོན་ཐག་གཅོད་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱེད་རིང་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཐབས་ཇུས་བཟང་པོ་འཚོལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བློ་ངོར་གནམ་འོག་འཆང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་བཏང་ནས་དོན་དངོས་ལ་གཞི་ཚུགས་པ་དང་། མཐོང་རྒྱ་ཡངས་སུ་གཏོང་བ། ལྟ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་ཇུས་འགོད་བྱེད་པ་དང་། ཁེངས་སྐྱུང་ངང་དཔྱད་གཞིར་འཛིན་མཁས་པོ་བྱེད་པ། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོབ་པ་བཅས་བྱས་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྟག་དཔྱད་ཞིབ་འཇུག་གི“མཇུག་འཕྲོའི་ལས་དོན”ཡག་པོ་བསྒྲུབས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་དེ“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས། བརྟག་དཔྱད་དང་ཞིབ་འཇུག་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཁ་ཚ་དགོས་གཏུགས་ཀྱིས་ཐག་གཅོད་བྱེད་དགོས་རིགས་དང་། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བ། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་རིགས་བཅས་ཀྱི་གཙོ་གནད་དང་། དཀའ་གནད། འགག་གནད་བཅས་ཀྱི་གནད་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བརྟག་དཔྱད་བྱས་པའི་རྨང་གཞིའི་ཐོག་ཞིབ་འཇུག་གཏིང་ཟབ་བྱེད་པ། བརྟག་ཞིབ་ཀྱི་གྲུབ་འབྲས་དང་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། བརྟག་ཞིབ་ཀྱི་གྲུབ་འབྲས་གནད་དོན་ཐག་གཅོད་དང་ལས་དོན་ལེགས་སུ་གཏོང་བའི་བྱེད་ཐབས་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། བརྟག་ཞིབ་དང་དག་ཐེར་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་ལས་ཀའི་ཁྲོད་གནས་པའི་གནད་དོན་རེ་རེ་བཞིན་རིགས་དབྱེ་ལེགས་སྒྲིག་བྱེད་པ་དང་། འགན་འཁྲི་ཁ་གསལ་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ། དཔེ་སྟོན་སྣེ་ཁྲིད་དང་རང་འགུལ་ངང་འགན་འཁུར་བ་བཅས་བྱས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་གྱི་ཐབས་ལམ་ཤར་བགྲོད་བྱས་ཏེ། གནད་དོན་གྱི་གསལ་ཐོ་ལས་འགན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོར་འགྱུར་གང་ཐུབ་བྱས་ནས་མཐར་གྲུབ་འབྲས་ཀྱི་གསལ་ཐོར་འགྱུར་བར་བྱེད་དགོས། རྗེས་སྙེག་དང་ཕན་འབྲས་དང་འདྲི་རྩད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱོད་པ་དང་འགུལ་རྣམ་ཚོད་སྐོར་དང་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་བརྒྱབ་ནས། འབྲེལ་གཏུག་མཐུན་སྦྱོར་དང་། རྗེས་སྙེག་ལྟ་འདོམས། གྲུབ་འབྲས་ལན་སྤྲོད། ཕྱོགས་བསྡུས་དཔྱད་བསྡུར་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བརྟག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་བྱེད་རིང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འོས་འཚམ་སྐབས“ཕྱིར་མིག་ལྟ་རྒྱུ”སྒྲིག་འཛུགས་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གི“ཕ་ནོར”འདི་ཡག་པོ་སྤྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་གི“གཞི་རྩའི་ནུས་རྩལ”འདི་ཡག་པོ་སྦྱོང་བ། བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་བ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་ལ་སྣང་ཆེན་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ཐག་རིང་ལུང་ཁུག་དང་དཀའ་ཚེགས་ཆེ་བའི་ས་ཆ་དང་། འགལ་ཟླ་མངོན་གསལ་དོད་ཤོས་དང་གནས་ཚུལ་རྙོག་འཛིང་ཆེ་ཤོས་ཀྱི་ས་ཆར་མང་ཙམ་བསྐྱོད་དེ་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་སྡོད་པ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱེད་པ་དང་། དམངས་འཚོའི་གླེང་མང་བའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱེད་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་བོད་ཀྱི་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ཁ་ཏང་ལ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ཀྱིས་ནང་དོན་ལ་ཞབས་འདེགས་ཞུ་བ་དང་། ནང་དོན་གྱིས་གྲུབ་འབྲས་ལ་ཞབས་འདེགས་ཞུ་བ། མཇུག་འབྲས་ཀྱིས་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་བྱེད་པ། བརྟག་ཞིབ་བྱེད་སྟངས་ལེགས་སུ་གཏོང་བ། བརྟག་ཞིབ་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་བ། བརྟག་ཞིབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བཅས་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་སྣང་ཆེན་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་ནུས་ལྡན་དང་ལེགས་གྲུབ་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་དང་བརྟག་དཔྱད་ཞིབ་འཇུག་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དེ་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་འགྱུར་བར་བྱས་ཏེ། ཐབས་ཇུས་བཀོད་སྒྲིག་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས།