དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་། ཁྲེན་ཅིན་ཚང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-13

    ● རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཟླ་7ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཛུབ་སྟོན་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་གནང་བ་རེད། ཁོང་གིས་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ནུས་པ་དང་། བསམ་གཞིག་བྱེད་ནུས། ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། དབྱིན་ཧུང་ཤིང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་གཞོན་པ་ཁྲེན་ཅིན་ཚང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོར་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། མཛུབ་སྟོན་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་རང་སྣང་གི་འཇིག་རྟེན་ལ་སྒྱུར་བཀོད་དང་། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ། ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས་སློབ་སྦྱོང་གི་ཕན་འབྲས་དེ་འདུ་ཤེས་གསར་བརྗེས་དང་། ནུས་པ་ཆེར་གཏོང་། སྤྱོད་ཚུལ་བསྒྱུར་བ། ལས་ཀ་དོན་འཁྱོལ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་གང་ཐུབ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཁྱབ་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་བླངས་ནས་ལས་ཀའི་ཚན་རིག་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁ་ཕྱོགས་གསལ་པོ་དང་། རིག་པ་དྭངས་གསལ། ཁ་གཏད་གཅོག་ཐབས་ཡོད་པ། བྱ་སྤྱོད་ནུས་ལྡན་བཅས་ཡོང་བ་བྱེད་དགོས། འཐབ་ཇུས་དང་ཐབས་ཇུས་ཀྱི་གནད་དོན་ལ་མཐོང་ཆེན་བྱས་ནས་སྤྱི་ཡོངས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཇུས་འགོད་པ་དང་བབ་བསྟུན་དང་མིག་སྔ་དོན་གཉེར་དང་འབྱུང་འགྱུར་དོན་གཉེར་གཅིག་གྱུར་བྱེད་པ་དང་འཐབ་ཇུས་ཀྱི་འགྱུར་མེད་རང་བཞིན་དང་ཐབས་ཇུས་ཀྱི་བབ་བསྟུན་རང་བཞིན་ཟུང་འབྲེལ་བྱས་ནས། འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་བཏང་སྟེ་ཆོས་ཉིད་ལ་བརྩི་སྲུང་དང་། འགག་རྩ་མངོན་གསལ་དོད་པོ། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བ། དོན་དངོས་དང་མཐུན་པ་བཅས་ཡོང་བར་བྱེད་དགོས། འགག་རྩར་དམ་འཛིན་བྱེད་མཁས་པོ་བྱས་ཏེ་གཙོ་གནད་གླེང་བ་མཐའ་འཁྱོངས་བྱེད་དགོས་ལ་གནད་གཉིས་གླེང་བ་ཡང་མཐའ་འཁྱོངས་བྱེད་དགོས་པ་དང་། འགལ་ཟླ་ཁས་ལེན་དང་། འགལ་ཟླར་དབྱེ་ཞིབ། འགལ་ཟླ་ཐག་གཅོད་བཅས་བྱེད་པ། རྩོད་སྒྲུབ་ཀྱི་བསམ་གཞིག་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་འདུ་ཤེས་ཆེ་རུ་བཏང་ནས་ཁྱོན་ཡོངས་དང་། རྩོད་སྒྲུབ། ཕུགས་ཀྱི་མིག་རྒྱང་ཐོག་ནས་དུས་བབ་ལ་ལྟ་ཞིབ་དང་། གནད་དོན་ལ་དབྱེ་ཞིབ། ལས་ཀར་སྐུལ་འདེད་བཅས་མཐའ་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་བསམ་གཞིག་བྱེད་ནུས་ཆེ་རུ་གཏོང་བ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་རིང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་དང་། དགེ་སྤེལ་སྐྱོན་སྤོང་དང་ལེགས་ཆ་འདོན་སྤེལ་བྱེད་རིང་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་ཐུབ་པ་དགོས། བསམ་བློའི་འདུ་ཤེས་སྒྱུར་བ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་པ། རང་སྟོབས་ཀྱི་ནུས་པ་འདོན་པ། ཉམས་མྱོང་དང་བྱེད་སྟངས་བཟང་པོ་དཔྱད་གཞིར་འཛིན་མཁས་པོ་བྱེད་པ། ལག་ལེན་དངོས་ནས་ཆོས་ཉིད་ཁོང་དུ་ཆུད་པ། གསར་གཏོད་ཀྱི་བསམ་གཞིག་བྱེད་ནུས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཁག་ལེགས་པར་སྤྱོད་པ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་དགོས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་ཀྱི་ལངས་ཕྱོགས་ལ་བརྟན་པོར་ལངས་པ། ལོ་རྒྱུས་ཀྱི་མིག་རྒྱང་སྤྱོད་མཁས་པོ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཆོས་ཉིད་ངོས་འཛིན་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། དངོས་ཡོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་ནས་ལོ་རྒྱུས་ཀྱི་བསམ་གཞིག་བྱེད་ནུས་ཆེ་རུ་བཏང་སྟེ་ལོ་རྒྱུས་ལ་བསམ་གཞིག་གཏིང་ཟབ་བྱེད་རིང་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ། ཁྲིམས་སྐྱོང་གི་བསམ་གཞིག་བྱེད་ནུས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བཅས་བྱས་ནས། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་བསྟར་ནུས་ལྡན་མཐའ་གཅིག་ཏུ་བྱེད་པ། ལས་སྒྲུབ་ཁྲིམས་མཐུན་དང་ཕན་འབྲས་ཐོན་པ་བཅས་ཏན་ཏིག་བྱེད་དགོས། རྗེས་ཡོང་སྔ་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་ནས་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས། གནད་དོན་གྱི་སྟོན་ཕྱོགས་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པ། མཐའ་ཚད་ཀྱི་བསམ་གཞིག་བྱེད་ནུས་ཆེ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ། ལས་ཀའི་རང་འགུལ་དབར་ཆར་སྟངས་འཛིན་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་དགོས། སློབ་སྦྱོང་གི་ཕན་འབྲས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལག་ལེན་གྱི་ནུས་པར་བསྒྱུར་ནས། གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་ནས་སྤེལ་བ་དང་གཞི་རིམ་དུ་སྤེལ་བ། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། སློབ་སྦྱོང་གི་ཕན་འབྲས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ནུས་པར་བསྒྱུར་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་སྟོབས་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ནས། སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལེགས་པ། གྲུབ་ཆ་དེ་བས་ལེགས་པ། ལེགས་ཆ་གང་ལེགས་ཐོན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་དགོས། སློབ་སྦྱོང་གི་ཕན་འབྲས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པའི་ལག་ལེན་གྱི་ནུས་པར་བསྒྱུར་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “རི་གཉིས”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ། སྐྱེ་ཁམས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས། སློབ་སྦྱོང་གི་ཕན་འབྲས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་གྱི་ལག་ལེན་ནུས་པར་བསྒྱུར་ནས། མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ“རིག་ལྡན་མཐའ་སྲུང”འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་དགོས། སློབ་སྦྱོང་གི་ཕན་འབྲས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལག་ལེན་གྱི་ནུས་པར་བསྒྱུར་ནས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོ་བཙུགས་ཏེ། རང་འགན་ནན་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་པ། ལག་ལེན་དང་། ལོ་རྒྱུས། དཔེ་དེབ། བློ་མཐུན་རྒན་གྲས་བཅས་ལ་སློབ་སྦྱོང་བྱེད་མཁས་པོ་བྱེད་པ། འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས། དངོས་དོན་གཉེར་བའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱོད་གཙང་དར་སྤེལ་གཏོང་བ། གྲོན་ཆུང་བབ་ཆགས་ཀྱི་གོམས་གཤིས་འཇགས་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།