དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་ལས་དོན་གྱི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-10

    ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་ལེགས་ཆ་འདོན་སྤེལ་གྱིས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་ལས་དོན་གྱི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ལེགས་ཆ་འདོན་སྤེལ་བྱས་ནས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། རེན་ཝེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལྕགས་རྭ་བློ་བཟང་བསྟན་འཛིན། ཝང་ཡུང་། ལང་ཧྥུའུ་ཁོན་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་ཁྱད་ལྡན་ཞིང་འབྲོག བོད་ཀྱི་གསོ་བ་རིག་པ། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས་བཅས་ཐོན་ལས་བརྒྱད་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བོད་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གལ་ཆེའི་ནུས་པར་སྔར་བས་ངོས་འཛིན་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་དོན་སྙིང་དང་། བོད་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྩ་བའི་གདམ་ག མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་བཅས་ཡིན་པ་ངོས་འཛིན་གཏིང་ཟབ་བྱས་ཏེ། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པ། རྗེས་ཐོན་ལེགས་ཆ་འདོན་སྤེལ་བྱེད་པ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དངོས་འཛིན་དངོས་སྒྲུབ་བྱེད་པ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཐད་བྱས་རྗེས་ཧུར་ཐག་འཇོག་པ། འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག འཕར་བའི་སྒུལ་ཤུགས་གཞན་སྒྱུར་བཅས་བྱེད་མགྱོགས་སུ་བཏང་ནས་ཐོན་ལས་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། ཞན་ཆ་སེལ་བ་དང་། ལེགས་ཆ་སྐོང་བ། རྨང་གཞི་བརྟན་དུ་གཏོང་བ། ཚད་གཞི་ཆེ་རུ་གཏོང་བ་དང་། རིམ་པ་ཆེ་རུ་གཏོང་བ། སྤུས་ཀ་ལེགས་སུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་མགྱོགས་མྱུར་བསྐྲུན་ནས་སྲིད་ཇུས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས། འཕེལ་རྒྱས་ཀྱི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། དམིགས་ཚད། གཙོ་གནད་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། རྣམ་གྲངས་གླིང་ཁུལ་དུ་གཅིག་སྡུད་དང་ཐོན་ལས་གླིང་ཁུལ་དུ་གཅིག་སྡུད་ཡོང་བར་་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་མི་མངོན་པའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས་གྲུབ་ཆ་ལེགས་སུ་གཏོང་བ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་རིམ་བཞིན་ཆགས་པར་བྱེད་དགོས། འགག་རྩའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་བྱ་བ་ཐམས་ཅད་དོན་དངོས་ལ་གཞི་ཚུགས་པ་དང་བྱ་བ་བྱེད་རིན་ཡོད་མེད་ལ་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་བཏོན་ནས་ལེགས་ཆ་ཆེ་རུ་དང་བསྡུར་བ་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བོད་ཀྱི་གསོ་བ་རིག་པའི་དོ་དམ་མ་ལག་དང་ཚད་གཞི་ཅན་འཛུགས་སྐྲུན་མགྱོགས་སུ་བཏང་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། མཐོ་གསར་ལག་རྩལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་གི་འགན་ནུས་འགྱུར་ལྡོག་མགྱོགས་སུ་གཏོང་བ། དྲང་གཞག་འགྲན་རྩོད་ཀྱི་སྒྲིག་ལམ་རྒྱུན་མཐུད་ངང་སྲུང་སྐྱོང་བྱེད་པ། ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་ཧུར་ཐག་འཛུགས་པ་བཅས་བྱས་ནས་རྒྱ་ཆེའི་གཉེར་སྐྱོང་བྱེད་པོ་རྣམས་བོད་དུ་མ་འཇོག་ཐུབ་པ་དང་གནས་ཐུབ་པར་བྱེད་དགོས། གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ལ་ཐོན་པའི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་བོད་ཀྱི་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་པོ་བཟོས་ནས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གིས་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྡེ་ཚན་ཁག་གིས་གཞུང་འཁྱོངས་གསར་འབྱེད་དང་རང་འགུལ་ངང་བྱས་རྗེས་བཞག་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་ཞུ་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་གྱི་ཤེས་བྱ་སློབ་སྦྱོང་དང་། དཔལ་འབྱོར་གྱི་དོན་སྙིང་རྟོགས་པ། དཔལ་འབྱོར་ལ་དམ་འཛིན་བཅས་བྱས་ཏེ་སྦྱངས་པ་གོ་ཆོད་དང་སྦྱོང་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག དཔལ་འབྱོར་ལས་དོན་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཤེས་ལྡན་མི་སྣའི་འདེགས་སྐྱོར་ཤུགས་ཆེར་བཏང་ནས“སྐྱོང་འདྲེན་སྤྱོད་ཉར”བཅས་ཀྱི་ལས་གཞི་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། ལག་རྩལ་གྱི་ཆུ་ཚད་མཐོ་བ་དང་། གསར་གཏོད་ཀྱི་ནུས་པ་ཆེ་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ་བཅས་ཀྱི་ཐོན་ལས་ཤེས་ལྡན་མི་སྣ་ཁག་གཅིག་གཅིག་ཏུ་བསྡུ་བ་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྤྱོད་ཚུལ་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཏོན་ནས་དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པ་འདེམས་བསྐོའི་ལས་དོན་ཁྲོད་སྤྱད་ནས་རྒྱ་ཆེའི་ལས་བྱེད་པས་དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་འགན་འཁྲི་ཁུར་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུར་ལྕག་སྐུལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།