དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་2023ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-10

    ཚེས་7ཉིན། 2023ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་2022ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་སླར་ཡང་ཞིབ་འཇུག་དང་སྐུལ་འདེད་བཏང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཁྲིམས་སྐྱོང་སྣེ་ཁྲིད་དེ་སྲིད་གཞུང་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་འགོ་ནས་མཇུག་བར་ཁྱབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ཝང་ཡུང་། ཀུང་ཧུའེ་ཚའེ། བསྟན་པ་བཅས་ཚོགས་འདུར་ཞུགས་པ་རེད།

    2022ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གོམ་སྟབས་རྗེས་མར་གཅིག་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་སེམས་སུ་ཁྲིམས་ཡོད་པ་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་འགན་འཁྲིར་གཞི་ཚུགས་པ་དང་། ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ། ལས་དོན་གྱི་བླང་བྱ་ཁ་གསལ་ཡོང་བ་བཅས་བྱས་ནས་ཁྲིམས་ཀྱིས་དབང་ཆ་སྤྲད་མེད་རིགས་མི་སྒྲུབ་པ་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ངེས་པར་དུ་སྒྲུབ་དགོས།

    གཉིས་ནས་ཁྲིམས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་ལས་དོན་སྒྲུབ་དགོས་ཤིང་། “བརྟན་ལྷིང”ལ་དམིགས་ནས་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཞི་མཐུན་ལ་དམ་པོར་དམིགས་པ། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”དར་སྤེལ་གཏོང་བ། འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་ཞུ་བཅར་དང་ལེན་བྱས་ནས་བྱ་བ་དངོས་སྒྲུབ་པ་སོགས་ཀྱི་ལམ་སྲོལ་ཤུགས་ཆེར་གཏོང་བ། “ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་སོགས་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ལ་ཁྲིམས་སྐྱོང་གི་བསམ་བློ་དང་གོམས་གཤིས་འཇགས་རྒྱུར་སྐུལ་ཁྲིད་བྱེད་དགོས། བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང“ཐུང་མགྱོགས་མྱུར་གསུམ”གྱི་ཁྲིམས་འཛུགས་ལ་བརྟེན་ནས“དཀའ་གནད་ཆེན་པོ”བསལ་ཏེ་བཅོས་སྐྱོང་གི་གཙོ་གནད་གཤམ་སྒྱུར་དང་བཅོས་སྐྱོང་གི་ཕན་འབྲས་རིམ་སྤོར་ཐུབ་པར་བྱེད་དགོས། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བར་དམིགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་དང་འཆར་འགོད་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་གི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི“དོན་ཆུང”དེ་སྲིད་གཞུང་གི“དོན་ཆེན”ལ་བརྩིས་ནས་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་བཟང་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་དང་མི་སེམས་གཅིག་སྒྲིལ་ཡོང་བར་བྱེད་དགོས། “སྐྱེ་ཁམས”ལ་དམིགས་ནས་སྣེ་ཁྲིད་ཤུགས་ཆེན་བྱེད་པ་དང་ཁྲིམས་སྐྱོང་ལ་བརྟེན་ནས་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་འདུ་འགོད་གལ་ཆེན་ལ་ཞབས་འདེགས་དང་འགན་ལེན་བྱ་རྒྱུར་དམིགས་ཏེ་ཁྲིམས་ལྟར་ལྗང་མདོག་སྲུང་སྐྱོང་དང་། ཆུ་བོ་བཅོས་སྐྱོང་། ཁྲིམས་ལྟར་བྱེ་བཅོས་སོགས་ཀྱི་ཁྲིམས་སྐྱོང་གི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་ཤེས་དཔལ་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་ལ་ཟུག་པ་དང་། གོམས་གཤིས་སུ་འཇགས་པ། རང་རྟོགས་ལ་འགྱུར་བ་བཅས་བྱེད་དགོས། “མཐའ་སྟོབས”ཀྱི་སྣེ་ཁྲིད་ལ་དམིགས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་བ། ཁྲིམས་སྐྱོང་ལ་བརྟེན་ནས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་བགྲོད་ལམ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དེ་བས་ལེགས་པའི་སྒོ་ནས་བརྟན་དུ་གཏོང་དགོས། གསུམ་ནས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགན་ནུས་སྒྲུབ་སྐབས“ཁྲིམས་དང་མཐུན་པ”བྱས་ཏེ་སྒྲིག་ལམ་ནན་པོ་དང་། སློབ་སྦྱོང་ལ་དམ་འཛིན། འཛུགས་གཏོད་གཏིང་ཟབ། དཔྱད་ཞིབ་གང་ལེགས། དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།