དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལས་དོན་གྱི་བརྟག་ཞིབ་བཞུཊ་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-08

    ● རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་མཐུད་འབད་འབུངས་དང་སྙིང་རུས་གཏན་འཁྱོངས་བྱེད་པ། “འཛུགས་གཏོད་བཞིར”ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལས་དོན་གྱི་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་མཐུད་འབད་འབུངས་དང་སྙིང་རུས་གཏན་འཁྱོངས་བྱེད་པ། “འཛུགས་གཏོད་བཞིར”ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱིས“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་ལས་ཀའི་གནས་ཚུལ་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ཀྱི་ལས་དོན་སྤེལ་ཚུན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) བྱ་སྤྱོད་ཐད་སྒྲིག་འཛུགས་ཞིབ་ཚགས། ལས་དོན་ཐད་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བ་དང་། ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཏན་ཏིག་དང་ནུས་ལྡན་བྱེད་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ།“དོན་ཆེན་བཞི”དོན་འཁྱོལ་ནུས་ལྡན་དང“འཛུགས་གཏོད་བཞིའི”ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། དེའི་ཁྲོད་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་ལེན་པ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་མིག་རྒྱང་རིང་དུ་གཏོང་བ། ཟབ་སྦྱོང་མཐིལ་རྟོགས་དང་། མཐའ་གསལ་མཐིལ་རྟོགས། ཤེས་སྦྱོར་གཅིག་མཐུན་བཅས་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཡག་པོ་སྤྱོད་དགོས། བསམ་བློའི་འདུ་ཤེས་གསར་སྒྱུར་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིའི”རྩོད་སྒྲུབ་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཁྱོན་ཡོངས་ཀྱི་ཇུས་འགོད་མཐའ་འཁྱོངས་བྱེད་པ། ཡོངས་ཁྱབ་འབྲེལ་བ་ཡོད་པ་དང་། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པ། འཕེལ་རྒྱས་འགྱུར་ལྡོག་འགྲོ་བ་བཅས་ཀྱི་ལྟ་བར་བརྟེན་ནས་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་མཐའ་འཁྱོངས་བྱེད་པ། སྤྱི་འདོམས་ཐད་ཤུགས་སྣོན་རྒྱག་པ། གཙོ་གནད་ཐད་འགག་སྒྲོལ་ཡོང་བར་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་ལ། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་གསར་འབྱེད་གསར་གཏོད་ཀྱང་བྱེད་ཕོད་པ་བྱེད་པ། མཁྲེགས་བཟུང་གི་བསམ་བློ་དོར་བ་དང་གོམས་གཤིས་ལ་མི་བརྟེན་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། བརྒྱུད་རིམ་གྱི་ལྟ་བའི་ཚན་རིག་དང་མཐུན་པའི་བྱ་ཐབས་དེ་ལས་སྒྲུབ་ལས་གཏོད་ཀྱི་ལེགས་སྒྲུབ་ལྡན་པའི་ལག་ལེན་ལ་སྒྱུར་དགོས། ཡུན་རིང་དམག་འཐབ་ཀྱི་བསམ་བློ་བཙུགས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱེད་པ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཏེ་ངེས་པར་དུ་བློ་བརྟན་འགྱུར་མེད་དང་། ཡུན་རིང་མཐའ་འཁྱོངས། སྲ་བརྟན་འཕེལ་རྒྱས་བཅས་ཡོང་བར་བྱས་ནས་དུས་ཐུང་གི་དམིགས་ཚད་དང་ཡུན་རིང་གི་འཐབ་ཇུས་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། དམིགས་ཚད་ལས་འགན་འཐུས་སྒོ་ཚང་དུ་གཏོང་བ། དམག་འཐབ་ལ་སུན་སྣང་སྐྱེ་བ་དང་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། བསྒུགས་ན་མི་རུང་བའི་དགོས་གཏུགས་ཀྱི་བསམ་པ་དང་། འགྱངས་ན་མི་འགྲིག་པའི་ཉེན་ཁའི་བསམ་པ། བསྡད་ན་མི་འགྲིག་པའི་ལས་འགན་སྒྲུབ་སེམས་བཅས་ལ་བརྟེན་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་བརྩོན་ལྷོད་མེད་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་དམ་འཛིན་ལྷོད་མེད་བཅས་བྱས་ཏེ། ལས་དོན་ཁག་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་རེ་རེ་བཞིན་རྗེས་སྙེགས་ཐག་གཅོད་དང་། ཇུས་གཞི་རེ་རེ་བཞིན་གོ་རིམ་ལྡན་པའི་ངང་ལག་བསྟར། མཚམས་ཚིགས་རེ་རེ་བཞིན་ཏན་ཏིག་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ཕན་ཐོབ་པ་བཅས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། གསར་དར་ཐོན་ལས་སྐྱེད་སྲིང་བཅས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་དང་། དམངས་འཚོ་ལེགས་གཏོང་། སྒྱུར་བཅོས་ཟབ་གཏོང་། ཕྱི་ཕྱོགས་ལ་སྒོ་དབྱེ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱེད་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས། དམག་དམངས་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། “བློ་རིག་མཐའ་སྲུང”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་ནས། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགོ་ཁྲིད་ལ་ཤུགས་སྣོན་དང་སྒྲིག་འཛུགས་ཞིབ་ཚགས་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་བརྟན་ཚུགས་དང་འབྲས་བཟང་ཐོབ་པའི་འགན་ལེན་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། རིམ་ཁག་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་འདོན་པ། འགན་ནུས་སྡེ་ཚན་ཁག་གིས་འཁྲི་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བཅས་བྱས་ནས། གཞོགས་འདེགས་དམ་ཟབ་དང་མཉམ་ཤུགས་ཆགས་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁུར་ཕོད་པ་དང་ལས་ཀ་བྱེད་མཁས་པོ་བྱེད་པ། ཡང་དག་གི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་བཅས་བྱས་ནས། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕན་འབྲས་ཐོན་པ། ལས་རྗེས་བཏོད་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ་དང་། མི་དམངས་མང་ཚོགས་ལ་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ཕན་པ་ཐོབ་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་བ་བཅས་བྱས་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་ལས་རྗེས་ཧུར་ཐག་གཏོད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། མི་སྣ་འདེམས་སྤྱོད་ཀྱི་མངོན་གསལ་དོད་པའི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། དངོས་སྒྲུབ་དང་ལས་རྗེས་ལ་སྣང་ཆེན་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ལག་ལེན་ཁྲོད་ལས་བྱེད་པ་གསོ་སྐྱོང་དང་། འདེམས་བསྐོ། བཀོལ་སྤྱོད་བཅས་བྱས་ནས། ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་། གསོན་ཉམས་དོད་པའི་ལག་ལེན། སྔོན་ཐོན་གྱི་ཉམས་མྱོང་། བྱེད་ཐབས་ནུས་ལྡན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། སྔོན་ཐོན་དཔེ་མཚོན་ཡག་པོ་གཏོད་པ། ཉེ་འགྲམ་གྱི་མི་དང་བྱ་བར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་བཅས་བྱས་ནས། མི་ཚང་མས་རྒྱབ་སྐྱོར་དང་ཚང་མ་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།