དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གསུམ་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-06

     ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གསུམ་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ཏང་རྩ་འཛུགས་ཀྱིས་རྒྱུན་གཏན་སྐོར་གཟིགས་དང་། སྐབས་བསྟུན་སྐོར་གཟིགས། ཆེད་དོན་སྐོར་གཟིགས། “ཕྱིར་མིག་ལྟ་བ”བཅས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལའེ་ཅའོ་ཚོགས་འདུར་ཕེབས་ནས་སྐོར་གཟིགས་ཙུའུ་ཀྲང་གིས་དབང་ཆ་སྤྲད་པ་ལྟར་ལས་འགན་འཁུར་བ་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། “སྲུང་སྐྱོང་གཉིས”ཐོག་མཐའ་བར་གསུམ་དུ་རྩ་བའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གང་དུ་མཐའ་འཁྱོངས་བྱས་ཚེ་དེ་གར་ཆབ་སྲིད་ཀྱི་སྐོར་གཟིགས་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ལ་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ་སོགས་ལ་སྐོར་གཟིགས་གཏིང་ཟབ་བྱས་ཏེ་ལག་བསྟར་བྱེད་རིང་གི་འགག་གནད་དང་དཀའ་གནད་སེལ་དགོས་པ་དང་། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་ལ་དམིགས་པ་དང་། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ལས་ཀའི་གཙོ་གནད་དང་འགན་ནུས་འགན་འཁྲིར་དམིགས་པ། ལྟ་སྐུལ་གནད་འཁེལ། དུས་བསྟུན་མདུན་སྐྱོད་ཀྱིས་ལས་དོན་སྒྲུབ་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ནས་སྐོར་གཟིགས་ལྟ་སྐུལ་གྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། སྐོར་གཟིགས་ལས་བྱེད་པའི་ཆབ་སྲིད་ཀྱི“ནུས་པ་གསུམ”རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་དང་ལྟ་སྐུལ་གཞན་དག་དང་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གནད་དོན་ཤེས་རྟོགས་དང་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དུས་མཚུངས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལ་གཞིགས་ནས་བརྟན་ཐོག་ཡར་འཕེལ་གྱིས་སྐོར་གཟིགས་ལས་འགན་ལེགས་སྒྲུབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།