ལྗོངས་ཏང་ཨུད་རྩ་འཛུགས་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།
ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ།
ཚེས་3ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་རྒྱལ་ཡོངས་རྩ་འཛུགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། རྩ་འཛུགས་པུའུ་ཡི་པུའུ་དོན་ཚོགས་འདུའི་ཚན་ཁག་གི་ཁོངས་མིས་ཆེད་དོན་བགྲོ་གླེང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན“ཚད་གཞི་འཛུགས་པ་དང་། ཚད་གཞི་མིག་དཔེར་འཛིན་པ། ཚད་གཞི་ལོན་པ”བཅས་ཀྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། “མཐའ་འཁྱོངས་བྱེད་དགོས་པ་བཅུ་གསུམ”གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་པའི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་དུས་ཐོག་ཏུ་ཕྱོགས་ལྷུང་ཡོ་བསྲང་དང་། ལམ་སྲོལ་ལེགས་སྒྲིག དོན་འཁྱོལ་ལ་ཤུགས་སྣོན་བཅས་ཟམ་མི་ཆད་པར་བྱས་ནས་མཐར་གཏུགས་དམིགས་འབེན་ཚད་བརྒལ་དང་གསར་གཏོད་རིམ་སྤོར་ཡོང་བར་བྱས་ཏེ་ལྗོངས་ཡོངས་ཀྱི་རྩ་འཛུགས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། “ངེས་གནས་དང་། གནས་བབ། ནུས་པ”བཅས་ཀྱི་གཏན་ཚིགས་ཀྱི་འབྲེལ་བར་གོ་བ་གཏིང་ཟབ་བླངས་ནས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཏང་གི་བྱ་གཞག་ལ་སྐུལ་འདེད། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རིང་གི་རྩ་འཛུགས་སྡེ་ཚན་གྱི་འགན་ནུས་གང་ལེགས་བཏོན་ཏེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ཕྱོགས་ཁག་གི་ཤེས་ལྡན་པ་བཅས་སྒྲིག་འཛུགས་ནུས་ལྡན་དང་། རྒྱ་ཆེའི་མང་ཚོགས་གཅིག་ཏུ་སྒྲིལ་བ། རྩ་འཛུགས་ཀྱི་སྟོབས་ཤུགས་དང་རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བ་བཅས་བྱས་ནས། རྩ་འཛུགས་སྡེ་ཚན་གྱི་འགན་འཁྲི་ཏན་ཏིག་འཁུར་དགོས།“གནད་དོན་དང་། གྲུབ་ཆ། ཐབས་ཤེས”བཅས་ཀྱི་བརྒྱུད་རིམ་རང་བཞིན་གྱི་བསམ་བློར་བརྟེན་ནས་དཀའ་སེལ་མདུན་སྐྱོད་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིཌ་པ་དང་། “འཛུཌ་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་ཡག་པོ་སྤེལ་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས་བྱེད་པ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ཧུར་ཐག་གཏོད་པ། ཤེས་ལྡན་པ“གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། ཉར་ཐུབ་པ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བོད་སྐྱོར་ནུས་ཕྱོད་ཆེ་རུ་ཏན་ཏིག་གཏོང་བ། སྒྲིག་གཞི་དང་སྒྲིག་ཁོངས་དོ་དམ་ལ་ཤུགས་སྣོན། གནད་དོན་ཐག་གཅོད་ལ་བརྟེན་ནས་ལས་ཀའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་ཁྲིད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་བརྩམ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།