ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་ཡག་པོ་བྱེད་དགོས།
ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཐོན་པའི་སྙིང་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་ཡག་པོ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་ལ་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེན་ལྡན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་། དེའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱེད་དགོས་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ། ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་ཀྱིས་གཏིང་ཟབ་དང་། ནང་བྱན་ཆུད་པ། གཞན་སྒྱུར་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས། འགན་འཁྲི་འཁུར་བའི་སྙིང་སྟོབས་ཆེན་པོ། དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ། སྤྱོད་གཙང་སྲིད་སྐྱོང་གི་སྲོལ་བཟང་བཅས་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་དེ་བས་སྐུལ་འདེད་ཡག་པོ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་གྲོང་ཁྱེར་གྱི་འཚོ་བ་སྔར་བས་སྟབས་བདེ་དང་། སྔར་བས་བློ་བདེ་བ། སྔར་བས་སྐྱིད་པ་བཅས་ཡོང་བར་བྱེད་དགོས། གྲོང་ཁྱེར་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ཆོས་ཉིད་འཚོལ་ཞིབ་དང་དེར་བརྩི་སྲུང་ཧུར་ཐག་ཞུ་བ། མིག་སྔ་དང་སླད་ཕྱིན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་ཏེ། འཆམ་མཐུན་སྡོད་མལ་ལ་འཚམ་པ་དང་། གསོན་ཤུགས་ལྡན་པ། ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་རྨང་གཞི་ཟབ་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གང་ཐུབ་བྱེད་དགོས། འགོ་འཛུགས་ས་མཐོ་པོ་ནས་གྲོང་ཁྱེར་འཆར་འགོད་ཡག་པོ་བྱས་ནས་འཆར་མང་གཅིག་སྒྲིལ་དང་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། བཀོད་སྒྲིག་ལུགས་མཐུན་དང་ཕྱོགས་བསྡུས་བཀོད་སྒྲིག་བྱེད་པ། སྐབས་རེ་རེ་བཞིན་སྒྲུབ་པ་བཅས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་འཛུགས་སྐྲུན་ཚད་གཞི་མཐོ་པོས་སྐུལ་འདེད་གཏོང་བ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་བཤེར་དང་ལྗང་མདོག་ཐཱན་ཉུང་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་ལས་གླིང་ཁུལ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་བསྐྲུན་མཉམ་སྤྱོད་དང་། གྲོང་ཁྱེར་འཕེལ་རྒྱས་དང་གླིང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་མཉམ་དར་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་གྲོང་ཁྱེར་དོ་དམ་ལག་བསྟར་བྱས་ཏེ་གྲོང་ཁྱེར་དོ་དམ་གྱི་འདུ་ཤེས་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། ཚན་རྩལ་གྱིས་གྲོང་ཁྱེར་དོ་དམ་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དོ་དམ་དེ་བས་ཚན་རིག་དང་མཐུན་པ་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན། མི་གཤིས་ཅན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་བཏང་སྟེ་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་ཐོན་ལས་ཀྱི་འདེགས་སྐྱོར་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། དཔལ་འབྱོར་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་དང་ཏན་ཏིག་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་དང་རིམ་སྤོར་མགྱོགས་སུ་གཏོང་བ་དང་། ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གཉེར་སྐྱོར་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་བྱས་ནས། གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་རྩ་འཛུགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་དེའི་རྩ་འཛུགས་སྡེ་ཚན་གྱིས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། དངོས་དོན་གཉེར་བའི་བྱེད་ཐབས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་སྟེ་མཉམ་སྡེབ་སློབ་སྦྱོང་དང་སྒེར་གྱི་རང་སྦྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པར་སྦྱོང་བ་དང་། བསམ་གཞིགས་གཏིང་ཟབ་ཀྱིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གཅིག་ཤེས་ཀུན་གྲོལ་བྱེད་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ། གནད་དོན་དག་ཐེར་ལ་དམ་འཛིན། ལས་ཀའི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། ཤེས་ལྡན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། “སྐྱེད་སྲིང་དང་། ནང་འདྲེན། བཀོལ་སྤྱོད། སོར་འཇོག”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། “ཤེས་ལྡན་པའི་ལས་དོན་གྱི་དོན་ཚན་བཅུ་དགུ”དོན་འཁྱོལ་བྱེད་པ། ཕུལ་བྱུང་ཤེས་ལྡན་པར་ནུས་རྩལ་ངོམ་པའི་ཁོར་ཡུག་བཟང་པོ་སྐྲུན་པ། ཤེས་ལྡན་པ་སྣ་ཚོགས་ཀྱི་འཇོན་ཐང་གང་ལེགས་འདོན་པའི་གར་སྟེགས་ཆེན་པོ་སྐྲུན་པ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཞི་རིམ་གྱི་སྟོན་ཕྱོགས་གསལ་པོ་བརྟན་པོ་འཛུགས་པ་དང་དམ་འཛིན་ཤུགས་ཆེན་བྱེད་པ། ཁེབས་ཁྱོན་ནུས་ལྡན་དང་། སྤུས་ཚད་མཐོར་གཏོང་། དཔུང་ཁག་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་ཐུབ་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་མངའ་ཁོངས་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་ཏན་ཏིག་བསྐྲུན་དགོས། རྩ་འཛུགས་སྡེ་ཚན་གྱི་རང་ངོས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་གཏོགས་གཤིས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། ལག་ལེན་དང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ལ་ལྷག་བསམ་རྣམ་དག་དང་གཞུང་དྲང་ཚུལ་མཐུན་གྱི་བྱང་ཚད་མཐོ་བའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།
ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྡེ་ཚོགས་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྡེ་ཚོགས་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དབར་མཉམ་སྡེབ་གླེང་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གྱིས་གཞོན་ནུ་མཐུན་སྒྲིལ་དང་། སྒྲིག་འཛུགས། སྐུལ་སློང་བཅས་རྒྱ་ཁྱབ་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོར་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་ཀྱི་གདོང་ལེན་རུ་ཁག་དང་འཕྲལ་རྒོལ་རུ་ཁག་བྱེད་ཕོད་པའི་སྐུལ་ལྕག་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་རྣམས་ལ་ཕྱོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སོགས་གཏིང་ཟབ་སྤེལ་བ། མི་རིགས་ཁག་གི་གཞོན་ནུ་ཚོར་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་ཟམ་མི་ཆད་པར་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རང་འཁྲིའི་ལས་གནས་སུ་གཞི་ཚུགས་ནས“འཛུགས་གཏོད་བཞིའི”ཚ་ཚ་འུར་འུར་གྱི་ལག་ལེན་ལ་ཧུར་ཐག་ཞུགས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་འཁྲི་ཧུར་ཐག་འཁུར་དགོས། གུང་གཞོན་སྡེ་ཚོགས་ལ་ཕྱོགས་ཡོངས་ནས་དོ་དམ་ནན་པོ་དང་བཅོས་སྐྱོང་བྱས་ཏེ་ཏང་གི་འགོ་ཁྲིད་འོག་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གུང་གཞོན་སྡེ་ཚོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱི་ཁྲིད་སྟོན་ནུས་པ་དང་། སྒྲིག་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།